e-texts navigator
Collection
Volume
Page
Wylie

127b1 གནས་ཀྱི་མ་བརྒྱད།།ཡུལ་གྱི་དཡེང་བ་རྣམ་པ་བརྒྱད།།དམིགས་མེད་དབྱིས་ཀྱི་བྱེ་བྲག་བརྒྱད།།སྐྱེ་བནི་ལས་ཀྱི་བསྲེག་རྫས་རྣམས།།རྣམ་ཐར་སྒོ་བ་ཞིའི་བློང་དུ་ཇིམ།།ཐབས་མཆོག་ལ་སོགས་རྣ་མ་ཚོགས
127b2 ཐམས་ཅད་དག།རྡོ་རྗེ་གྷུ་ཡིས་བརྗོད་ནས་ཀྱང་།།དེ་དག་མཉེས་པའི་མཆོད་པ་བརྩམ།།མཆོད་པ་ཐམས་ཅད་རྫོགས་པ་དང་།།སྒྲིབ་བྱང་མི་བྱང་དོན་ཆེན་རྣམས།།བྷ་བ་དང་མ་བྱུ་བ་དོན་རྣམས་ནི།།མེ་ལ་མཁས་པས་རྟག
127b3 བར་བྱད་མེ་སྒྲ་གཉིས་དང་ཁ་དོག་གཉིས།།འབར་ཚུལ་གཉིས་དང་དབྱིངས་རྣམ་དྲུག།དེ་དག་ཡོངསུ་ཤེས་པར་བྱ།།གལ་ཏེ་མཚན་མ་མི་སྡུག་ནི།།བཀྲ་མཽ་ཤིས་པའི་རྟགས་ཡིན་པས།།བསྲེག་སྦྱང་ཆེན་པོ་རྒྱུ
127b4 པར་བྱ།དེ་ནས་འདོད་པའི་རྟགས་བྱུང་ན།།མེ་ལ་འདོད་པའི་དངོས་གྲུབ་རྣམས།།རྣམ་གསུམ་གང་ལྟར་གྲུབ་པ་བླང་།།རོ་ཡི་རྫས་རྣམས་བསྲེག་སྦྱངས་ནས།།རོ་ལ་སྔགས་ཀྱི་བཏབ་ནས་ཀྱང་།།ཤིན་ཏུ་དྲིན
127b5 སྣ་ཚོགས་ཀྱིས།།རོ་ལ་བྱུག་ཅིང་བཀྲུ་བར་བྱ།།བདུད་རྩི་ཞུན་ཆེན་ཁུ་བ་ཡིས།།རས་ལ་བྱུགས་པས་རོ་བཀྲིས་ཏེ།།རོ་ཡི་གནས་རྣམས་གང་ཡིན་པར།།སྔོགས་ཀྱི་སྦྱོར་བ་ཀུན་བཀོད་ནས།།ཕྱག་རྒྱའི་མཚན་མས་གད།
127b6 པར་བྱ།།རྒྱལ་བའི་དཀྱིལ་འཁོར་གང་དག་ནི།།གཞུང་ཡིན་པའི་ཕྱག་རྒྱ་རྣམས།།དུ་འབྱུང་བ་དང་མཉམ་པའི།།སྡོང་དུའི་བྲངས་དེ་ལྟར་བྱ།།སྡོང་བུ་རེ་ལ་ལྷ་རྣམས་ཀྱིས།།མ་ནོར་རྩེ་བའི་སྟོང་པ་དག།རས་ཆེན་དག
127b7 ལ་བྲིས་ཏེ་གདགས།།རོ་ཡི་སྦྱོར་བ་རྫོགས་པ་དང་།།ར་ཡི་ཕྱི་ཤུལ་ཐམས་ཅད་ལ།།འཁོར་བའི་བག་ཆགས་ཀུན་བཀོད།།རས་སམ་ཤིང་ཤུན་ཤོག་ཤོག་ལ།།འཁོར་བའི་ས་བོན་ཐམས་ཅད་དགོད།།ཉོན་མོས




iiif viewer powered by OpenSeadragon

127a - 128a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo