| | e-texts navigator
|
127a1 །པ་དེ་ལྟར་སྦྱར།།ཤར་ལྷོ་ནུབ་བྱང་དཀར་སེར་དམར།།མཐིང་ཀ་ནག་པོ་ཐལ་མདོག་སྦྱར།།ཟླུམ་པོ་པདྨ་ལེའུ་རྩེ་ཞི།།འཁོར་ལོ་གྲུ་བཞི་ཟུར་བརྒྱད་རྒྱས།།ཟླ་གམ་གྲུ་ཆད་གཞུ་དབྱིངས་དང་།
127a2 གྲུབ་གསུམ་བྷ་ག་ཁ་མངོན་སྦྱོར།།སུམ་བརྩེགས་མདངས་དང་རི་མོར་མཛེས།།ལས་ཀྱི་ཡམ་ཤིང་རྫས་ཀྱིས་རྒྱས།།ཡེ་ཤེས་རྡོ་རྗེའི་ལས་རྒྱུད་ལྡན།།བླ་མ་གསུམ་གྱིས་ཐབས་མཆོག་སྦྱར།།དག་བཱི
127a3 མཐའ་འཛིན་ཉིས་མཆོག་འཛིན།།རྡོ་རྗེ་གསང་བའི་ཟླ་བྲོ་གླུ་མ་རྫོ་བ་གསང་བ་དུས་ནི་སྐྱོད།།རྡུལ་གྱི་སྔོན་པ་སྐྱོ།།གསང་བ་ལས་ཀྱི་རྒྱུད་ལྡན་པས།།བ་ཤར་གདའ་ཞི་བའི་ལྷ་རྒྱུད་དང་།།རྒྱུས་དང་དབང་པོ་ཤར་རྒྱུད།།
127a4 བཤར་བས།།ལྷ་དང་སྔགས་དང་ཕྱག་རྒྱ་དང་།།དེ་བཞིན་རྒྱུད་དང་འབྱོར་པར་བྱ།།རིགས་ཀྱི་ལྷ་རྒྱུད་ལྷ་རྣམས་ནི།།སོའི་རིགསུ་བཤར་གདབ་སྟེ།།གློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ།།དམ་རྫས
127a5 བདུད་རྩི་འབར་བ་ཡིས།།སྐྱེང་དང་ཐོབ་ཕྱིར་བསྲེབ་བྱར་འོས།།བསྲེག་རྫས་སྐྱེ་བའི་ཆོས་ཡིན་ཏོ།།སྐྱེ་བར་སྣང་བའི་ཆོས་ཐམས་ཅད།།འདིར་ནི་དངོས་པོ་བཞིན་སྣང་ཏེ།།ཆོས་ཅན་རྐྱེན་དང་འབྱུང་ནས་དང་།
127a6 །རང་བཞིན་ཉིད་ལས་ཆོ་འཕྲུལ་ནི།།སྐྱེ་བ་ཉིད་དུ་འདོད་པ་ཡིན།།འདི་ནི་སྐྱེ་བའི་ཆོས་ཅན་ཏེ།།རང་བྱུང་སྲེག་རྫས་རང་ཞིར་ཐིམ།།ཉོན་མོངས་ལྔ་ཡི་དམ་རྫས་དག།ཡེ་ཤེས་ལྔ་ཡི་གློང་དུ་དབུལ།།ཕུང་པོ
127a7 ལྔ་ཡི་དམ་རྫས་རྣམས།།ཐབས་མཆོག་ཡབ་ལྔའི་སྐུ་ལ་བསྟིམ།།འབྱུང་ལྔས་བསྡུས་པའི་བསྲེག་རྫས་རྣམས་ཤེས་རབ་ཡུམ་ལྔའི་གློང་དུ་བསྟབ།།རྣམ་ཤེས་བརྒྱད་ཀྱི་བསྲེག་རྫས་རྣམས།།ཡེ་ཤྭེ།
iiif viewer powered by OpenSeadragon
126b - 127b