| | e-texts navigator
|
126b1 གསལ་དངོས་པོ་ཐམས་ཅད་བསྲེགས།།བདེ་ཆེན་དབྱིངསུ་ཀུན་རྫོགས་པར།།དཔའ་ཁྱོད་ཀྱིས་མཛད་པ་ལགས།།ཐུགས་རྗེ་ཆེན་པ་ཨ་ལ་ལ།།དོན་གྲུབ་ཆེན་པོ་ཨ་ལ་ལ།།སྒེག་པ་ཆེན་པོ་ཨ་ལ་ལ།།འཇིགས་བྱེད་ཆེ
126b2 པོ་ཨ་ལ་ལ།།དབྱེས་པ་ཆེན་པོ་ཨ་ལ་ལ།།དྲེགས་པ་ཆེན་པོ་ཨ་ལ་ལ།།དཔའོ་ཁྱོད་ཀྱིས་བྱིན་རླབས་ཀྱིས།།བདག་ཅག་རྣམས་ལ་བཤད་པ་ཤོད།།མེ་ཡི་རང་བཞིན་ཆེན་པོ་དག།བདག་ཅག་རྣམས་ལོ་བཤ།
126b3 པར་གསོལ།།ཞེས་གསོལ་བ་བཏབ་པ་ལས།།སེམས་དཔའི་རྡོ་རྗེས་དབྱེས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།རྡོ་རྗེ་མ་ཡི་རང་བཞིན་དག།བཤད་ཀྱིས་ཁྱེད་རྣམས་གུས་པ
126b4 ཉོན།།རྡོ་རྗེ་མེ་ཡི་ལས་མཆོག་འདས།རྣལ་འབྱོར་ཐབ་སུ་བདེ་སྦྱར་བས།།རྒྱལ་བ་ཀུན་མཉེས་ཀུན་བསྲོག་སྐོངས།།དོན་གྲུབ་ལས་ཀྱི་མཆོག་ཏུ་བཤད།།སྐྱེ་མེད་རྣམ་དག་ཧོམ་ཁུང་དུ།།ཆོས་ཅན་སྐྱེ་བའི
126b5 ཡམ་ཤིང་ལ།།སྤྲོས་མེད་བྱང་ཆུབ་ཡེ་ཤེས་མོས།།མཚན་མོའི་བག་ཆགས་བསྲེགས་སྤངས་ཐམ།།རྣམ་དག་བྷ་གའི་ཧ་མ་ཁུང་དུ།།ཆགས་པའི་ཡམ་ཤིང་སྤུངས་པ་ལ།།བདེ་ཆེན་བྱང་ཆུབ་མེ་སྤར་ཏེ།
126b6 འཁོར་བའི་དངོས་པོ་བསྲེགས་སྦྱངས་ཐིམ།།དཔལ་ཆེན་ཞལ་གྱི་ཧོམ་ཁུང་དུ།།ཉོན་མོངསོ་ལྔ་ཡི་ཡམ་ཤིང་ལ།ཡེ་ཤེས་ལྔ་ཡི་མེ་སྦར་ཏེ།།གཟུང་འཛིན་རྫས་རྣམས་བསྲེགས་སྦྱངས་ཐིམ།།སྣང་སྲིད་ན་མའི
126b7 ཧམ་ཁུང་དུ།།འབྱུང་བ་བ་ནི་ཡོ་ཡམ་ཤིང་པ།།ཕྱག་རྒྱའི་ཚོགས་ཀྱི་མོ་སྦར་ཏོ།།སྣང་སྲིད་དངོས་པོ་བསེགས་སྦྱངས་ཐིམ།།ལས་བཞི་སོའི་ཁྱད་པར་གྱིས།།ཕྱོགས་དང་ཁེ་དོག་དབྱིངས་དང་རྫནི།།ཇི་ལྟར་ཡིན།
iiif viewer powered by OpenSeadragon
126a - 127a