| | e-texts navigator
|
126a1 ཏུ།།རང་ལས་བྱུང་བའི་རྗེས་རྣམས་ལྔས།།འཕགས་པ་མཆོད་ཅིང་རྭ་ཀླི་བཟའ།།དེས་ནི་དྲིས་ལ་གནས་པར་འགྱུར།།དྲང་པོ་གྱུར་པ་ཕན་ཆད་ནི།།མོའི་སྐད་ཅིག་ཐང་ཚིགས།།ཏིང
126a2 འཛིན་ཟས་ཀྱི་རོ་རྙེད་ནས།།ཁམ་གྱི་ཟས་དང་བྲལ་བར་འགྱུར།།དྲོད་ཆེན་རྣམ་གསུམ་རྫོགས་ནས་ནི།།རྟགས་ཆེན་དག་ནི་ཐོབ་པར་འགྱུར།།རྟགས་ཀྱི་ཆོ་འཕྲུལ་འབྱུང་བ་ནི།།རིན་ཆེན་ཕུང་པོ་འདོད་པ་ན།།
126a3 རྡོ་ལ་སོགས་བྱས་ན་འགྲུབ།།ཆུ་དང་མཁའ་ལ་འགྲོ་འདོད་ན།།བརྩམས་པས་མི་འབྱིང་ཐོགས་མེད་འགྲོ།།མི་ཡི་ཕུང་པོ་འཇིལ་འདོད་ན།།སྡིག་པའི་འཛུབ་མོ་བྱར་ནས་ཀྱང་།།བདེན་པའི་སྒོ་བ་བྱས་པས་འགྲུབ
126a4 དེ་ལ་སོགས་པ་ཐམས་ཅད་ནུས།།རྟགས་ཐོབ་ཕན་ཆད་སངས་རྒྱས་ཡིན་ཞེས་གསུང་སོ།།གསང་ཆེན་ཐུགས་ཀྱི་བསྒྲུབ་པ་བཤད་པའོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་རྒྱུད
126a5 ལས་བཀའ་གསང་ཆེན་འཁོར་ལོའི་བསྒྲུབ་པའི་ལེའུ་སྟེ་ཉིར་བུ་རྩ་ལྔ་པའོ།།།།དེ་ནས་བཅོམ་ལྡན་འདས་སེམས་དཔའི་རྡོ་རྗེ་དེ་རྡོ་རྗེ་མེ་གློང་འབར་བ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགསོ།།
126a6 དེ་ནས་འདུས་པའི་ཚོགས་ཐམས་ཅད་ཀྱིས་ཆོས་ཐམས་ཅད་མོའི་རང་བཞིན་དུ་སྣང་བར་མཐོང་།།དེ་ནས་འཁོར་རྣམས་ཀྱིས་ཤིན་ཏུ་བསྟོད་པ།།ེ་མའོ་སེམས་དཔའ་ཆེ་བ་ཆེ།།ཏིང་འཛིན་ཆེན་པོ་སྣང
126a7 འཆེ།།ཆོ་འཕྲུལ་ཆེན་པོ་སྣ་ཚོགས་ཆེ།།ཐབས་མཆོག་ཁྱོད་ལ་ཕྱག་འཚལོ།།ཆོས་ཀུན་མེ་གློང་བཞིན་དུ་སྣང་།།མེ་ཉིད་ཡེ་ཤེས་གསལ་བའི་གློང་།།འབར་འཕྲོ་གསལ་བར་གྱུར་པས་ནི།།མུན
iiif viewer powered by OpenSeadragon
125b - 126b