| | e-texts navigator
|
125b1 ཆོས་རྣམས་གང་ཡིན་པ།།ལུས་དང་ངག་ལ་རྫོགས་པར་བཤད།།དསྔན་རྒྱས་འདི་ཐམས་ཅད་ཀྱང་།།རྩ་བ་རང་ལ་རྫོགས་པ་སྷོ།།འདི་དག་བསྒྲུབ་པའི་ཐབས་མཆོག་ཀྱང་།།རྣམ་པར་རྟོག་པའི་རྡུལ་གསལ་ནས།།བསྒྲུ
125b2 པའི་རྒྱལ་པོ་ཡབ་ཡུམ་གཉིས།།དོན་ལ་མཁས་པར་བྱས་ནས་ནཱི།།སོའི་ཐུགས་ལ་ཐིག་ལེ་དག།ཟླ་གམ་དཀར་དམར་གདབ་པར་བྱ།།དེ་ཡི་རྫས་མཆོག་ཆེན་པོ་ཡང་།།ཐབས་ཀྱི་ག་བུར་ཆེན་པོ་དང་།།ཤེས་རབ
125b3 གསང་བའི་རྒྱུན་གཉིས།།དཀར་དམར་ཟླ་ག་མ་ཆེན་པོར་བྱ།།ཡབ་ཀྱི་ཐུགས་ཀར་དཀར་པོ་ལ།།ཐིག་ལ་ཁ་ནི་མར་ལྟ་བའོ།།ཡུམ་གྱི་ཐུགས་ཀར་དམར་པོ་ལ།།ཐིག་ལེ་ཁ་ནི་ཡང་ལྟ་བའོ།།སབ་ཀྱི་ཐིག་ལེའི་དབུས
125b4 ནི་དཔལ་བེའུ་དབུས་ཉི་མ་བྲི།།དབུས་ཨོཾ་གསལ་ནང་དུ་ཧཱུཾ།།ཡུམ་གྱི་ཐིག་ལེའི་དབུསུ་ནི།།པདྨ་དབུས་ཟླ་བ་བྲི།།དབུས་ཨ་གསལ་ནང་དུ་ཧཱུཾ།།དེ་ལྟར་གསལ་བར་གྱུར་པ་ན།།ཀུན་ཏུ་བཟང་པོ་ཡབ་ཡུམ་དུ།།གྷ།
125b5 མེད་པར་བསྐུར་བར་བྱ།།ཏིང་འཛིན་གསལ་བར་གྱུར་པ་དང་།།རང་ལས་བྱུང་བའི་བདུད་རྩི་ཡིས།།གསང་བ་གཉིས་ཀྱི་མཆོད་བགྲ།རང་ལས་བྱུང་བའི་དངོས་གྲུབ་དག།རང་ཉིད་ལ་ནི་བསྟིམ་པར་བྱ།།འདི་ལྟར
125b6 སྒྲུབ་པ་གཙོར་བྱེད་ན།།བདུད་རྩིའི་ཡོ་བྱད་ཐམས་ཅད་དང་།།བཅུད་ཀྱི་མཆོག་ཏུ་གྱུར་པ་རྣམས།།ལོ་ཡི་འཚོ་བར་སྦྱར་ནས་ཀྱང་།།བསྟན་བསྒྲུབ་ཡན་ལག་རྣམ་བཞི་ལས།།བསྙེན་པ་དག་གི་དུཔུ་ནི།།གྲང་ཟག་མི
125b7 ཡེ་ཟས་ལ་བརྟེན།།དེ་ཡང་ལོ་ཡི་སྐད་ཅིག་གམ།།གཉིས་དང་གསུམ་གྱི་བར་དུ་སྦྱར།།ལོ་ཡི་སྐད་ཅིག་བར་དུ་ནི།།བདུད་རྩི་ཡོ་བྱད་རྣམས་ལ་བརྟེན།།དེ་ནས་ལོ་ཡི་སྐད་ཅིག་ནི།།གཅིག་གམ་གཉིད་ཀྱི་བར་ང
iiif viewer powered by OpenSeadragon
125a - 126a