| | e-texts navigator
|
125a1 རྣལ་འབྱོར་པ།།རློན་པའི་རྫས་ལ་སྨན་བསྒྲུབ་ན།།ཐམས་ཅད་གོང་མ་བཞིན་སྦྱར་ནས།།མཎྜལ་ཐིག་ལེ་ལྔ་པ་ལ།།བཀྲ་ཤྲཱིས་དང་ལྡན་ལྔ་བཞག་ནས།།གཙོ་བོ་ལྔ་དང་འབྲས་བུ་ལྔ།།
125a2 རློན་པར་བཀོད་ནས་ཡི་གེར་སྤྱོང་།།ཏིང་འཛིན་བཟླས་པའི་མེ་སྤར་བས།།དང་པོ་རོ་འབྱུང་སྐམས་པོ་དང་།།དེ་ནས་བཏགས་བཙིགས་གོང་མ་བཞིན།།སྦྱར་ནས་རིགས་ཀྱིས་བསྙེན་པས་སྦྱང་།།དེས་ན
125a3 མཚན་མ་བྱུང་བ་དང་།།དེ་བཞིན་གོང་ལྟར་ཅིར་བདེར་སྤྱད།།ཅེས་གསུངསོ།།བདུད་རྩི་རློན་སྦྱོར་གྱི་སྒྲུབ་པ་བཤད་པའོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་བདུད་རྩི
125a4 སྨན་གྱི་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།།།།དེ་ནས་སེམས་དཔའི་རྡོ་རྗེ་ཆེན་པོ་དེས་བསྒྲུབ་པ་ཐམས་ཅད་ཀྱི་སྙིང་པོ་གསང་ཆེན་ཐུགས་ཀྱི་བསྒྲུབ་པ་ཞེས་བྱ་བ་འདི་བཤད་།།འདུས་པ
125a5 ཆེན་པོའི་རྣལ་འབྱོར་པ་ཐམས་ཅད་ནི་དབྱིངསུ་ཤེས་པར་བྱ་བ་སྟེ།འཁོར་བའི་ཆོས་ཐམས་ཅད་ནི་དབྱིངསུ་འདུས་ལ།མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི་ཡེ་ཤེསུ་འདུསོ།།དེ་གི་ཉི།
125a6 མེད་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་བདེ་བ་ཆེན་པོར་འདུས་པར་ཤེས་པར་གྱིས་ཤིག།དེ་བས་ན་ཆོས་ཐམས་ཅད་ནི་ཐུགས་ཡེ་ཤེས་ཀྱི་རང་བཞིན་དུ་འདུས་ཏེ་གཉི་སུ་མེདོ།།དེ་ལྟར་ན་ཀུན་རྫོག
125a7 ཏུའདི་ལྟར་རིག་པར་བྱ་སྟེ།གཉི་སུ་མེད་པའི་དོན་ལ་འཇུག་པར་བྱའོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།དམ་པའི་དོན་གྱི་ཆོས་རྣམས་ཀུན།།ཐམས་ཅད་རང་གི་སེམས་ལ་རྫོགས།།ཀུན་རྫོའི
iiif viewer powered by OpenSeadragon
124b - 125b