e-texts navigator
Collection
Volume
Page
Wylie

124a1 མཚན་ལྡན་དུ།།བླུགས་ཏེ་།བསྐུར་རྒྱས་བཏབ་ནས།།འཕྲོ་འདུ་བཟླས་བརྗོད་གྲོང་མ་བཞིན།།བྱས་ཏེ་མཚན་མ་བྱུང་བ་དང་།།དངོས་གྲུབ་ཆེན་པོ་བླང་བར་བྱ།།ཕྱེ་མའི་བསྒྲུབ་རྫས་དེ་དག་ནི།།
124a2 ཆ་ལྔ་དག་ཏུ་དགས་ནས་ཀྱང་།།རྣལ་འབྱོར་སོ་སོའི་ཚེ་རྣམས་ལས།།ཅི་རན་ཙམ་གྱིས་ཆ་གཅིག་དང་།།སྦྱར་ཚོང་ཆ་ལྡང་བགོས་པ་ནས།།རྣལ་འབྱོར་སོ་སོའི་ཆ་རྣམས་ལྔ།།སྦྱར་ཏེ་དངོས་གྲུབ་རྟེན་དུ་བྱ་བླ
124a3 བོང་དྲ་ནི།བསྐུ་རངས་ཤིང་གཏེར་མ་།ཟླ་བ་ཉི་ས་སེཾས་བྱས།གའི་མད་པད་འབྲུ་བར་འགྱུར་ཟླབ་བྷཱུ་སྔོནད་ཀྱི་བསྐོལ་པ་དག་ལས་ཐར།།ཟླ་བཞི་པན་ཆད་གང་ཟག།ཟས་དྲང་མ་འདྲེས་བརྩོན་བསྒྲུབས་ན།།གཞན་གྱི
124a4 ནད་རྣམས་འཇོམས་པར་ནུས།།དྲུག་དང་བདུན་དང་བརྒྱད་རྣམས་ལ།།བདུད་རྩི་བཅུད་ཀྱིས་འཚོ་བར་འགྱུར།།དགུ་དང་བཅུ་ལ་ཟག་པ་ཟད།།བཅུག་རིགས་འཛིན་ན་མཁར་འཕུར།།ཞེས་གསུང་སོ།།
124a5 བདུད་རྩི་སྐྱོ་མའི་བསྒྲུབ་པ་རྣམ་པར་བཤད་པའོ།།དེ་ནས་ཡང་སེམས་དཔེའི་རྡོ་རྗེ་དེས་འདི་སྐད་ཅེས་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།རྡོ་རྗེ་རིག་འཛིན་རྩལ་ལྔའི་ཟད།།འདི་གུའི་ཆོ་ག་ཆེན་པོ་ནི།
124a6 འདི་ལྟར་ཁོང་དུ་ཆུད་པར་བྱ།།སྦྲང་རྩི་བུ་རམརྐུན་འབྲུམ་རྣམས།།ལོ་ཡི་འཚོ་བར་སྦྱར་ནས་ཀྱང་།།ཁ་དོག་མཚན་ལྡན་དམར་པོའི་བ།།ལོ་ཡེ་འཚོ་བར་གཟུང་ཞིང་བསྲེལ།།སྨན་གྱི་རྒྱལ་མོར་མ་མཉེ་བས།།
124a7 རྒྱུན་ཏུ་གསོས་པོའི་འོ་མའོ།།རིགས་འཛིན་ཟས་ཀྱིས་མཆོག་ཏུ་འགྱུར།།བདུད་རྩི་རྒྱལ་མོ་རབ་མཉེ་བ།།ཕྱེ་མའི་མཆོག་ཏུ་བྱས་ནས་ཀྱང་།།ལེ་ཡི་འཚོ་བའི་སྦྱར་བྱས་ཏེ།།སུ་སི་མཐོང་བའི་ས་ཕྱོགསུ།།




iiif viewer powered by OpenSeadragon

123b - 124b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo