| | e-texts navigator
|
123b1 མོ་ཡོས་རྣམ་པར་སྦྱང་།།རྟགས་ཆེན་ལྡ་ནི་གང་བྱུང་ཡང་།།མཱར་ཏི་དངོས་གྲུབ་བླང་བར་བྱའོ།།བདུད་རྩི་སྒྲ་ལས་དྲངས་ནས་ནོ།།དང་ལྡན་པདྨ་ལྡན་པ་རུ།།ཐམས་ཅད་བདུད་རྩིར་སུ་མ་ཡ།།མཁའ་ཀླུང་ཡངས་པར་།།
123b2 བདེ་ཆེན་རྫོགས།།རང་ཉིད་བདུད་རྩིའི་དཀྱིལ་འཁོར་རྫོགས།།གཞནས་བསྒྲུབ་པ་ཅི་ཡང་མེད།།འཇུག་པ་ལ་སོགས་ཐམས་ཅད་ཀྱང་།།ཚུལ་བཞིན་དུ་ནི་རྒྱས་པར་བྱ།།ཞེས་གསུང་སོ།།བདུད་རྩི་ཕྱེ་མའི་བསྒྲུབ་པ་རྣམ་པ
123b3 བཤད་པའོ།།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུངས།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།ཐམས་ཅད་འདྲར་སྦྱར་ནས་ཀྱང་།།མཎྜལ་འཁོར་ལོ་བརྩིབས་བརྒྱད་པ།།ཕྱག་རྒྱའི་ལྷ་རྣམས་རྫོགས
123b4 བྱས་ནས།།སྨན་སྦྲང་བཏགས་བཙགས་བཙལ་ནས་ཀྱང་།།སྤང་ཆང་འོ་མས་གོང་བུར་བྱ།།བསེ་ཕོར་མཚན་ལྡན་ནང་དུ་བཞག།ལོགས་པར་ཁ་སྦྱར་ངས་ཀྱིས་དཀི།།གོང་མ་བཞིན་དུ་ཀུན་སྦྱར་ནས།།དངོས་གྲུབ
123b5 མཆོག་རྣམས་བདག་གིས་བྱ།།ཞེས་གསུང་སོ།།བདུད་རྩི་རི་ལུའི་ཆོ་ག་རྣམ་པར་བཤད་པའོ།།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།སྐྱེ་མའི་ཚིག
123b6 འདི་ལྟ་སྟེ།།ཐམས་ཅད་གོང་མ་བཞིན་སྦྱར་ནས།།མཚན་མ་གསལ་པོ་འབྱུང་བ་དང་།།ཕྱེ་མཆུ་ཚགས་ནང་ནས་དབྱུང་།།བྱེ་མའི་མཆོག་ཏུ་གྱུར་པ་དང་།།ཕྱེ་མའི་རྒྱལ་མོ་དེ་དག་ནི།།བོས་པོར་ཁོ་སྦྱར་ནང་དུ
123b7 ཐུགས།།རྒྱས་བཏབ་བྱིན་བརླབས་དབང་བསྐུར་ནས།།བཟླས་བརྗོད་འཕྲོ་འུ་རྒྱུན་མི་ཆད།།སྦྲང་ཆང་རྒྱ་ཆང་བུ་རམ་ཚང་།།རྒུན་ཆང་འོ་མ་ལ་སོགས་པ།།བཅུད་གི་ཁུ་བ་ཐམས་ཅད་སྦྱར།།རིན་ཆེན་གའུ
iiif viewer powered by OpenSeadragon
123a - 124a