e-texts navigator
Collection
Volume
Page
Wylie

123a1 ཆན་གྱི།།རིགས་བརྒྱ་རིགས་ལྔ་རིགས་གཙིགས།།ཐམས་ཅད་སྦྱང་བའི་མཆོག་ཏུ་བྱ།།དེ་ནས་ཚུལ་བུ་སྦྱང་བ་ན།།བསལ་བསྔོ་བསྡུ་དང་དབྱེ་བ་དང་།།ཁྲུས་བྱ་བ་དང་བཤག་པ་དང་།།ཡོན་ཏན
123a2 བརྗོད་དང་བྱིན་དཔབ་བྱ།།དེ་ནས་སྐད་ཅིག་ཐང་ཅིག་གམ།།ཞག་ཅིག་དག་གིས་སྦྱར་བར་བྱ།།རྟགས་དག་བྱུང་ན་དེར་འབྱིངས་པའོ།།ཕྱེད་མའི་མཆོག་ཏུ་སྦྱར་བ་ནི།།སྣོད་ཀྱི་སྨན་རྣམས་ཤེས་རབ་མས་བསྡུས་ཏེ
123a3 བཏག་པའི་ཆོ་ག་ཡང་།།ཡུམ་གྱིས་བཟུང་ཞིང་ཡབ་ཀྱིས་བཏག།རིགས་འཛིན་རྩལ་ཅན་དབབ་ཅིང་དྲང་།།སོ་སོ་ལས་ཀྱི་སྔགས་བརྗོད་ཅིང་།།གཏན་གོ་ཏུན་ཐབས་དང་ཤེས་རབ་སྟེ།།སྨན་ཉིད་བྱང་ཆུབ་སེམས
123a4 སྦྱར།།རྡོ་རྗེ་གླུ་འདི་ལྷ་མོས་བླངས།།ཀུན་ཏུ་བཟང་མེའི་གཞལ་ཡ་སུ།།ཐབས་དང་ཤེས་རབ་ལྡན་པ་ན།།འཁོར་བ་བདུད་རྩི་སྨན་དུ་སྦྱར།།ཡེ་ཤེས་ལྔ་རུ་གསལ་བ་ལས།།འབྲས་བུ་སྐུ་གསུང་ཐུགསུ་རྫོགས
123a5 འཆི་མེད་བདུད་རྩིས་གཅོད་རྙིང་སྦྱང་།།མཚན་མ་བཏག་ཕྱིར་གཅལ་ནས་ནི།།རྡོ་རྗེ་དང་ལྡན་ཁ་སྦྱོར་བླུགས།།ཁ་དོག་རིགས་ལྔའི་རས་ཀྱིས་ལེ་ཀྲི།།རྡོ་རྗེ་དབང་གི་རྒྱུ་ཡིས་གདབ།།རྡོ་རྡོ་སྔགས་ཀྱིས་གཟུང
123a6 ཀྱིས་གདགས།།དཔལ་ཆེན་སྐུ་ལྷོར་མངའ་གསོལ་ཏེ།།ཡེ་ཤེས་ལྔ་ཡི་དབང་བསྐུར་བྱ།།པཎྜ་ལ་དག་ཏུ་དགོད་པར་བྱ།།ཀུན་གྱིས་བསྐོར་ཞིང་དངོས་གྲུབ་དབབ།།རྩི་དང་སྨན་གྱིས་བདག་པོ་དང་།།རྟགས
123a7 ལྡན་རིགས་འཛིན་ཕྲ་མོ་དག།རོལ་མོ་ཆ་བྱད་མང་པོས་བསྟེན།།བསྒྲུབ་པ་འབྲུ་མཆོག་གཏམས་པས་དགང་།།དཀྲ་ཤིས་གོས་ཀྱིས་རྒྱས་པར་ཀླུབ།།གཟུས་ཐག་གཉེར་ཅན་རིག་སུ་དབུལ།།ཏིང་འཛིན




iiif viewer powered by OpenSeadragon

122b - 123b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo