e-texts navigator
Collection
Volume
Page
Wylie

122a1 བསྐོར་བར་བྱ།།རྡོ་རྗེ་རབས་བསྐོར་བ་ཡི།།མཐའ་མ་བློ་ཁྱུད་འབར་བར་བྱ།།དབུས་རིན་ཚོན་ཟུར་བརྒྱད་བྱ།།དེང་ནི་ཕྱག་རྒྱ་འབར་བར་དྲགོད།།ལངྐ་བསྒྲལ་བའི་གནས་མཆོག་འདྲིར།
122a2 རུལ་པ་ཅན་གྱི་ཚོགས་འདུས་ཏེ།།རཀྵ་འཇོམས་པའི་མཐུ་ཆེན་ཀུན།།སྲིད་པ་གསུམ་རིལ་འདིར་སྒྲོལ་བའོ།།དུས་བཞི་མཆོད་པའི་ངམ་རྫོས་ཀྱིས།།དེ་དག་ཇི་ལྟར་རེག་པར་མཆོད།།དུས་བཞི་བཅུད་སྨིན།
122a3 སྙིང་པོ་ཡིས།།དངོས་གྲུབ་ཆེན་པོའི་རྗེས་བྱ།།ཕྱོགས་བཞི་དབུས་ཀྱི་རྫས་ཆེན་རྣམས།།རྨ་དུ་བྱུང་བའི་རལ་པ་ཅན།།འབྱུང་བ་ལྔ་ལ་དབང་བསྒྱུར་མཛད།།འབྱུང་བ་ལྔ་ཡི་ཆོ་འཕྲུལ་སྒྲུབ།།དཔྱིར།།
122a4 ཆུ་སྟོན་མེ་དགུན་ས་སྟེ།།དཔྱིད་རླུང་ན་མཁའ་གསང་བར་སྦྱར།།ཆོ་འཕྲུལ་དེ་ལ་དབང་ཐོབ་ནས།།དེ་དག་རལ་བ་ཅན་ལ་བསྒྲུབ།།ཏིང་འཛིན་རྣམ་པ་ལྔ་གསལ་བས།།འབྱུང་ལྔ་ལས་བྱུང་ཤ
122a5 རིགས་ལྔ།།ཁྱི་ཤ་བ་ལང་རྟ་ཤ་དང་།།བྱ་དང་རི་དགས་སྣ་ཚོགས་ནི།།རྫུ་འཕྲུལ་ཤུགསུ་སྒྲུབ་པའི་རྫས།།བསྒྲུབ་པའི་རྫས་ཚན་འབྱུང་ཆེན་ལྔ།།འཇིག་རྟེན་ཀུན་ལ་དབང་བསྒྱུར་བའི།།དེ
122a6 ལྟར་རྫས་རྣམས་འབྱོར་པ་དང་།།ཏིང་འཛིན་སྒོམ་དང་བསྒྲུབ་པ་དང་།།ཐམས་ཅད་གོང་དང་འཐུན་སྦྱར་ནས།།འཇུག་དང་དངོས་གྲུབ་དབང་ཆེན་རྣམས།།ཅི་རིགས་པར་ནི་བདེ་བར་སྦྱར།།ཞེས
122a7 གསུངསོ།།བདུད་རྩི་རང་བྱུང་དཀྱིལ་འཁོར་ཞེས་བྱ་བའི་མདོ་བཤད་པའོ།།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་འདི་སྐད་ཅེས་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།གཞོན་ཡང་བདུད




iiif viewer powered by OpenSeadragon

121b - 122b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo