| | e-texts navigator
|
121b1 ལ་འཁོར་མ་བནི་ཡི་ཐིག་ཏཱ་བྱུང་བ།།མུ་ཁྱུད་ཕྱི་རིམ་གྲུ་ཆད་བཞི།།དེ་ནས་སྒོ་ཁྱམས་དམར་པོར་བྱ།།ཀུན་བྷྱོ་ཕྱི་རིམཱི་ལག་ཆུ་ཧཱའི།།མི་རི་འབར་བས་གཏི་ཐག་གཅང་།།དབུས་ཤར་ལྷོ་ཟླ་གམ་བྲེ།།བནྡྷ་དཔ་ཥྲ
121b2 ཡབ་ཡུམ་དགོད།།འཁོར་ལོ་བཞི་ལ་རིགས་བཞིར་ལྡན།།བར་ཁྱམས་གཉིས་ལ་གནས་ཡུལ་རྣམས།།ཟླ་གོམ་ཐིག་ལེར་ལྡན་པར་བྱ།།སྒོ་ཁྱམ་སྒོ་བཞི་ཟླ་གམ་བཅས།།ཕྱི་ཁྱམས་ལེག་ཆུ་ཏྲེ་ཡི་མེ།
121b3 ཡེ་ཁྲོ་བོ་ཐིག་ལེར་བཅས།།དུ་ཁྱོད་རྒྱན་གྱི་ཀུན་བརྒྱན་བྱ།།ཏིང་འཛིན་རྫོགས་དང་དངོས་གྲུབ་དང་།།འཇུག་པ་དབང་སྐུར་དངོས་གྲུབ་རྣམས།།གནས་གསུང་ལ་སོགས་རྫོགས་པར་བྱ།།ཞེས་གསུངསོ།།
121b4 རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་འཁོར་ལོ་དབང་སྒྱུར་གྱི་སྒྲུབ་ལུགས་ཀྱི་ལུསྟེ་ཉི་ཤུ་རྩ་གསུམ་པའོ།།།དེ་ནས་སེམས་དཔའི་རྡོ་རྗེ་དམ་པ་དེས་འདི
121b5 སྐད་ཅེས་བཀའ་སྩལ་ཏོ།།འདུས་པ་ཆེན་པོའི་ཚོགས་ཆོས་ཐམས་ཅད་ནི་བདུད་རྩི་སྨན་གྱི་རངོ་བཞིན་དུ་ཤེས་པར་བྱའོ།།དེ་ཅིའི་ཕྱིར་ཞེ་ན།།འདི་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་དོན་རྟོགས་ན་ནི་འཚོ་བ
121b6 ཉིད་ཀྱི་རྩེ་ཡིན།།མ་རྟོགས་ན་ནི་འཆི་བ་འཁོར་བའི་དུག་ཡིན།།།དེ་བས་ན་ཆས་འདི་དག་ཐམས་ཅད་བདུད་རྩིའི་རང་བཞིན་དུ་ཤེས་པར་བྱའོ།།དེ་ལྟར་ཤེས་ནས་ཀུན་རྫོ།
121b7 དུ་འདི་ལྟར་བསྒྲུབ་པར་བྱའོ།།ཇི་བཞིན་འབྱུང་ལྡན་བདེ་སྦྱར་ནས།།མ་ཏྲང་ཁོག་པའི་སྙིང་ཀ་རུ།།མདོམ་གང་ཆེད་དང་འཐུན་པ་ལ།།རྩིབས་བརྒྱད་འབར་བའི་ཁོར་ལོར་གདང་།།མེ་ཡི་འོད
iiif viewer powered by OpenSeadragon
121a - 122a