e-texts navigator
Collection
Volume
Page
Wylie

121a1 དམར་པོ་རྒྱས་པར་བྱ།།དེ་ནས་ཟིང་ནག་གྲུ་གསུམ་བརྩིག།དེ་ནས་དམར་ནག་ཟླ་བམ་བྱ།།ཟླ་གམ་དབུ་སུ་དཔལ་ཆེན་འབར།།དབང་ཕྱུག་གནས་བརྒྱད་ཟླ་གམ་མཐའ།།བང་རིམ་པར།
121a2 ལ་དུར་ཁྲོད་འབར།།མཐའ་མར་དམར་པོ་གྲུ་བཞི་ལ།།སྒོ་བཞི་སྒོ་སྲུངས་བཅས་པར་བྱ།།དེ་ཡི་མཐའ་མ་མེ་རིས་བསྐོར།།ཁྲོ་བཅུ་འབར་བའི་རྟགས་རྣམས་དགོད།།བསྒྲུབ་དང་འཇུག་དང་དབང་བསྐུར
121a3 རྣམས།།གོང་མ་བཞིན་དུ་སྦྱིན་པར་བྱ།།དེས་ནི་ཐམས་ཅད་རྫོགས་པ་ཡིན།།དུག་གསུམ་ཐམས་ཅད་ཟིལ་གྱིས་གནོན།།ཞེས་གསུངསོ།།རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ།།
121a4 ལས་དུག་གསུམ་དབང་སྒྱུར་བ་ཞེས་བྱ་བ་སྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།།།།དེ་ནས་སེམས་དཔའ་རྡོ་རྗེ་དམ་པ་དེས་བུད་མེད་ཐམས་ཅད་དབང་བསྒྱུར་བ་ཞེས་བྱ་བའི་ཀྱིལ་འཁོར་ཆེན་པོ
121a5 འདི་གསུང་སོ།།འདུས་པ་ཆེན་པོའི་ཚོགས་ཆགས་པ་ཐམས་ཅད་དབང་དུ་འདུ་བར་འདོད་ན་འདི་ལྟར་བྱའོ།།བུད་མེད་ཆགས་པའི་རང་བཞིན་ཏེ།།ཆགས་པ་ཁྲིག་རྒྱ་མཚོ་ཡིན།།ལས་ཀྱི་འཁོར་བའི་སེཾན
121a6 རྣམས་ཆགས་པ་ཁྲག་རྒྱ་མཚོར་བྱིང་།།ཆགས་ལས་རྣམ་གྲོལ་འགོག་པ་སྟེ།།ཆགས་པ་དེ་ཉིད་ཁྲག་ཅེས་བྱ།།ཁྲག་རྒྱ་མཚོ་བསྐུམ་པའི་ཕྱིར།།བུད་མེད་ཁྲག་རྒྱ་མཚོ་རྣམས།།འཚོ་བ་བདུད
121a7 རྩིའི་རྒྱ་མཚོར་བསྒྱུར།།དེ་ལྟར་ཤེས་པར་གྱུར་པ་དང་།།ཀུན་རྫོབ་ཚུལ་དུ་འདི་ལྟར་སྦྱར།།ལས་ཀྱི་བརྩམ་པ་ཕུན་སུམ་ཚོགས།།རིམ་པ་བཞིན་དུ་བརྩམས་ནས་ཀྱང་།།མཎྜལ་འདོམ་གང་གྲུ་བཞི




iiif viewer powered by OpenSeadragon

120b - 121b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo