e-texts navigator
Collection
Volume
Page
Wylie

120b1 ཡེ་མཐའ་རིམ་ཡོངས་ཟདདུ།།ཟླ་གམ་གསལ་བའི་མཎྜལ་བྱ།།དེ་དག་མེ་ཀློད་འབར་བར་བསྐོར།།ཡ་ཐོག་ཟླ་གམ་སྟེང་དག་ཏུ།།དཔལ་དང་ལྡན་པའི་ལྷ་མཆོག་བཞུགས།།མཐིང་ནག་གྲུ་གསུམ་དཔུང་བྲི།།གླུ
120b2 བཞིའི་དམར་པོ་བང་རིམ་ལ།།རིགས་བཞི་ལྷ་མཆོག་དང་ལྡན་གཞག།ཡན་ལག་མགོ་མཚན་གཡས་གཡོན་བརྒྱད།།དབང་ཕྱུག་གནས་ཀྱི་བདག་མོ་བརྒྱད།།བྲི་བྱ་ཡང་ན་མཚན་མ་གཞག།ཚིགས
120b3 ཆེན་བརྒྱད་ལ་ཡུལ་བདག་བརྒྱད།།ཇི་ལྟར་འོས་པ་དེ་ལྟར་བྱའོ།།སྒོ་བཞིར་གསང་བ་སྒོ་མར་གཞག།མཐའ་ཟད་ཡོངས་ཀྱི་ཟླ་གམ་ལ།།བུད་མེད་ཉི་ཤུ་རྩ་བརྒྱད་གཞོག།མིང་དམ་མཚན་མ་བརྟེན་ཏེ
120b4 གཞག།དེ་ཡེ་ཁ་ལ་ཐབ་ཏུ་བརྩིགས།།པདྨ་དཔལ་བེའུ་དབྱིངས་འདྲ་ཐབ།།མཁས་པས་ཡམ་ཤིང་བརྩམ་པར་བྱ།།བྱ་བར་བྱ་བ་ཐམས་ཅད་ཀུན།།རྒོང་དུ་སྦྱོར་བ་དེ་ལྟར་སྦྱོར།།ཞེས་གསུང་སོ།།རྒྱུད་ཀྱི
120b5 རྒྱལ་པོ་ཆེན་པོ་རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས་འཁོར་བ་ཐམས་ཅད་སྒྲོལ་བ་བསྒྲུབ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།།།དེ་ནས་ཡང་སེམས་དཔའི་རྡོ་རྗེ་དེས་དུག་སུཾ།།
120b6 ཐུགས་དབང་སྒྱུར་བ་ཞེས་བྱ་བའི་མདོ་འདི་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།དུག་གསུམ་དབང་དུ་སྒྱུར་བ་ཡང་།།འདི་ལྟར་ཁོང་དུ་ཆུད་པར་བྱ།།དུག་གསུམ་རང་བཞིན་གང་ཡིན་པ།།སྐུ་གསུམ
120b7 ཉིད་ཀྱི་ངོ་བ་སྟེ།།གཞནས་བཙལ་བ་ཅི་ཡང་མེད།།དེ་ལྟར་ཤེས་པར་འགྱུར་བ་དང་།།ཀུན་རྫོབ་ཚུལ་དུ་འདི་ལྟར་བསྒྱུར།།ཐམས་ཅད་གོང་མོ་བཞིན་སྦྱར་ལོ།།སྟེགས་དུ་འདོམ་གང་བཞིག་ལ།།ཕྱིར




iiif viewer powered by OpenSeadragon

120a - 121a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo