| | e-texts navigator
|
11b1 ཀྱི་ཡང་བདུད་ཆེན་པོ།ཆོས་ཐམས་ཅད་ཀྱི་མཛོད།།ཡེ་ཤེས་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོར་གྱུར་པ་ཡིན།།དེ་ཅིའི་ཕྱིར་ཞེ་ན།ཐོག་མ་དང་ཐ་མ་མེད་པ་མཉམ་པ་འདུས།
11b2 མཐའ་ལས་ཀྱང་ཕ་མཐའ།དཔག་ཏུ་མེད་ཅིང་བསམ་དུ་མེད་པ།འབྱམ་ཀླས་པའི་དུས་ནས་བྱ་བ་བྱས་ཤིང་བྱེད་པ་བྱས་པ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ།ཆོས་ཐམས
11b3 ཅད་ཀྱི་རང་བཞིན་དུ་སྦྱོར་ཞིང་གནས་པས་ན།རྒྱལ་བ་ཐམས་ཅད་ཀྱི་ཐུགས་ལས་སྐྱེས་ཤིང་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་ཡིན་ཏེ།དེ་འདྲའོ་ཞེས་བཀའ་སྩལ་པ་ལས་འདུས་པའི་ཁོར
11b4 ཐམས་ཅད་ངོ་མཚར་དུ་གྱུར་ཏེ།བཅོམ་ལྡན་འདས་འདིས་ནི་འདི་ལྟར་ངོ་མཚརུ་ལགས་བདེ་བར་གཤེགས་པ་འདི་མཚར་ལག་སོ།།སེམས་དཔའ་རྡོ་རྗེ་དམ་པ་ལ་ལོགསུ་བཏུདེ་ལུས
11b5 ས་ལ་བརྡབས་པའི་ཕྱག་རྣལ་འབྱོར་ལུགསུ་བྱས་ཏེ།རྨ་དུ་བྱུང་བའི་མེ་ཏོག་དང་།ཚོགས་ཀྱི་མཆོད་པ་སྣ་ཚོགས་བྱས་ཏེ།འདི་ལྟར་རྨད་བྱུངངོ་མཚར་ཁྱོད།།སངས་རྒྱས་ཐུགས་ལས
11b6 རྒྱཔ་སྐྱེས་པ།།ཙོ་ལྟར་ཞིང་འདིར་སྣང་ཞིགུ།རྣལ་འབྱོར་ཡབ་གྱུར་རྒྱལ་བའི་སྲས།།ངོ་མཚར་ཁྱོད་ཀྱིས་སྤྱོད་པས་ན།།བཀའ་ཡི་འཁོར་ལོ་རབ་བསྐོར་བ།།བསྒྲུབ་པའི་ལ་མཆོག
11b7 དམ་པོ་དག།ཚིགས་མཚོན་ཏེ་གསལ་བར་མཛོད།།ོཾ་ལ་ལ་ཧོ་ཞེས་གསོལ་བ་བཏའོ།།དེ་ནས་དམ་པ་རྡོ་རྗེས་རྡོ་རྗེ་བསྐོར་ཏེ་བསྒྱུར་ནས་བརྗིད་བག་དུ་མཚོན་དེ་སྨྲས་པ།ོཾ་ཨཱཾ་ཧཱུཾ
iiif viewer powered by OpenSeadragon
11a - 12a