| | e-texts navigator
|
11a1 དུ་རབ་ཏུ་གཡོས།འགུལ་རབ་ཏུ་འགུལ།ཀུན་ཏུ་རབ་ཏུ་འགུལ།ལྡེག་རབ་ཏུ་ལྡེག།ཀུན་ཏུ་རབ་ཏུ་ལྡེག།འཁྲུགས་རབ་ཏུ་འཁྲུགས།ཀུན་ཏུ་རབ་ཏུ་འཁྲུ
11a2 འུར་རབ་ཏུ་འུར།།ཀུན་ཏུ་རབ་ཏུ་འུར།ཆེམ་རབ་ཏུ་ཆེམ།།ཀུན་ཏུ་རབ་ཏུ་ཆེམ་པར་གྱུར་ཏེ།ཞིང་ཁམས་ཐམས་ཅད་ནི་གསང་བའི་དཀྱིལ་འཁོར་ཤེས་དག་དུ་གྱུར།བཅུད་ཡུལ
11a3 ཐམས་ཅད་ནི་ཕྱག་རྒྱ་ཆེན་པོར་གྱུར།རྣམ་པར་རྔམ་པའི་ཚུལ་གྱིས་སྟོན་པའི་མདུན་ལོག་སུ་སེངྒེ་རྡོ་རྗེས་མཚན་མའི་གདན་ལ་འགྱིང་བགི་ཚུལ་གྱིས་རྣམ་པར་གནསོ།།དེ་ནས
11a4 འདུས་པའི་འཁོར་ཚོགས་ཕལ་མོ་ཆེ་རྣམས་ཀྱིས་བཅོམ་ལྡན་འདས་ལྔ་འདི་སྐད་ཅེས་གསོལ་ཏོ།།ེ་མ་བཅོམ་ལྡན་འདས་སེམས་དཔའ་རྡོ་རྗེ་འདི་ནི་འདི་ལྟར་མཐུ་ཆེ་བ།འདི
11a5 ལྟར་བྱིན་རླབས་ཆེ་བ།འདི་ལྟར་རྒྱ་ཆེ་བ།འདི་ལྟར་མཁས་པ།འདི་ལྟར་གསལ་ཞིང་ཟབ་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ལས་སྐྱེས་པ་ལགསོ།།ཞེས་གསོལ་པ་དང་།བཛྲམ
11a6 ཀྱིས་དཀའ་སྩལ་པ།འདུས་པ་ཚོན་པའི་ཚོགས་སེམས་དཔའ་རྡོ་རྗེ་འདི་ནི་བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་ཕྱི་མོ།།སྙིང་རྗེ་ཐམས་ཅད་ཀྱི་བདག་པོ།།སངས་རྒྱས་ཐམས་ཅད་ཀྱི
11a7 རྗེ་བཙན།བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་ཐམས་ཅད་ཀྱི་ཡབ།རྣལ་འབྱོར་པ་ཐམས་ཅད་ཀྱི་མེས་ཚོན་པོ།།མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་དོང་དཔོན།བདུད་ཐ~ཾད
iiif viewer powered by OpenSeadragon
10b - 11b