e-texts navigator
Collection
Volume
Page
Wylie

119a1 རྒྱ་བཀོད།།སྒོ་བཞིར་རྡོ་རྗེ་སྒོ་བ་བཞི།།ཡན་ལག་སྤྲུལ་པའི་མགོ་བརྙན་གནས།།ཕྱི་ཁྱམས་རྡོ་རྗེ་མོ་རི་བྱ།།དེ་ཡི་ཕྱི་རོལ་ཕྲེང་ཆེན་གཏམས།།སྐམ་དང་ར་ར་རློན་པས་བསྐོར།དེ་ཡི་ཕྱི
119a2 རོལ་མེ་གུར་འཚུག།བསྐལ་པའི་བུ་ཡུག་བྲི་བར་བྱ།།རྡོ་རྗེ་སྒོ་ཁྱུད་སྒོ་གང་དུ།།བུ་གུ་ཐུལ་དང་ཟ་ར་ཚོགས།།ཞིང་དང་སྦྲུལ་ཀྱི་ཆུན་པོ་བྲི།།དེ་ནས་བནྡ་དང་ལྡན་ལ།།རྡོ་རྗེ་དཔལ་གྱི་ཡི་གེ་དྲག།བྲིས
119a3 ལ་ཁ་སྦྱར་སྤུག་སྟེ་གཞག།གའུ་ཆུང་ལ་རལ་པ་ཅན།།བརྒྱད་བྲིས་འབྱུང་བའི་གན་སུ་གཞག།ལས་བྱེད་བརྒྱ་དང་བཅུ་གཉིས་ལ།།ལས་བྱེད་བཅུས་བྲིས་ལ་འགོད།།ཐར་པ་གནས་ཀྱི་དཀྱིལ་འཁོར
119a4 དུ་གདོལ་པ་འབྱུང་པོ་ང་རྒྱལ་ཅན།།ཆག་སྡང་རྣམས་ཀྱིས་བསླད་པའི་རྒྱུ།།དེ་ཡི་དུ་གསུཾགཤེག་པའི་ཕྱིར།།དོན་གྱི་བསྒྲུབ་པ་ཆེན་པོ་བཤད།།རུ་དྲ་ལྔ་ཡི་ཚོགས་ཆེན་ཏེ།།ཏིང་འཛིན་ཡེ་ཤེས་ལྔས་བ།
119a5 ནས་རྡོ་རྗེ་དྲོད་ཀྱིས་རྣམ་པར་སྦྱར།།མདོ་ཡི་སེ་ལ་སྟབས་གཅིག་ཏུའོ།།བགེགས་ཀྱི་བགེགས་ཏེ་བགེགས་ཆེན་པོ།།དུགོ་ལྔ་རྟོག་པ་ཉིད་ལ་སྐྱེས།།ཕྱེད་དང་གསུམ་གྱི་དུར་ཁྲོད་ནས།།གཞི་རྩ་ངག་དང
119a6 ལུས་སེམསོ།།བརྗིད་ལྡན་དཔོལ་ཆེན་དུར་ཁྲོད་བདག།བདག་རྟོག་རྟོག་འཇོམས་ཏིད་འཛིན་གྱིས།།སྲིད་གསུམ་རུ་དྲ་དུར་ཁྲོ་དུ།།ཚོགས་བདག་ཆེན་པོ་དེ་བརྒྱད་བྱ།།མ་རིག་མུན་ཁང་སྒོ་ཕྱེད་ནས།།གླང་སྟེ
119a7 སྨོན་པ་དེ་བཟུང་ནས།།གཟུང་འཛིན་དམ་པོའི་རྟོད་ཐག་གཅད།།དུག་གསུམ་རྣམ་རྟོག་རྟོད་ཕུར་དབྱུང་།།ངན་སོང་འདམ་ནས་དྲངས་ནས་ནི།།ཉོན་མོངས་དཔུང་རྐེད་བཏུལ་ནས།ཡ་ཤེས་ཐབས་ཀྱི་རྣམ




iiif viewer powered by OpenSeadragon

118b - 119b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo