| | e-texts navigator
|
118a1 མུ་དགགསང་།།མེ་རིག་ཕྱིར་ན་མཚན་མ་དག་རང་རང་གན་བུ་སླེབས་པར་བྱ།།གང་དག་འདུ་འཚ་རང་དེ་བཞི་ནོ།།འདི་ནི་ཐེག་ལེ་གཅིག་པ་ཡི།།བསྒྲུབ་ལུགས་ཡིན་པར་རྒྱལ་བས་བཤཤུད།
118a2 འདི་དག་སྒྲུབ་པའི་སྐྱེས་བུ་ནི།།ཟླ་བའི་འཁོར་ལོ་ལ་གནས་ནས།།ཉི་མའི་ཁོར་ལོ་ཐོགས་ནས་ནི།།ཡང་དག་ཆོས་ཀྱི་དབྱིངས་ཉིད་ལ།།དབང་སྒྱུར་བྱེད་པའི་རྒྱལ་པོར་འགྱུར་ཞེས་གསུངསོ།།ཡང་སོ་དེའི་རྔ
118a3 དེས་འདི་སྐད་ཅེས་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།།འདི་ཡང་རིམས་ཀྱི་གོང་མ་ལྟར།།ཐམས་ཅད་ཚུལ་བཞིན་སྦྱར་བྱས་ནས།།ཕྱི་རུ་ཀུན་ཏུ་གྲུ་བཞི་ལ།།ཐིག་ལེ་ཟླ་བ་གཅིག་ཏུ་བྱ།དེ་ཡ་སྲ
118a4 །བུ་བཞི་བསྣོལ་བས།།ལེའུ་ཆེ་དགུ་རུ་གྱུར་བར་བྱ།།ཕྱི་རོལ་མུ་ཁྱུད་ཐོད་པས་བསྐོར།།གྲུ་བཞི་གྲུ་ཆད་རབ་མཛེས་བརྒྱན།།དེ་ཡི་མཐའ་ཟད་ཁྱིམས་གཅིག་ལ།།སྒོ་གདོང་སྒྲུབ་པ་པོ་ལ་ལྔ།།དབུསུ་ཐེག་ལེ།།
118a5 །དཀར་དམར་ལ།།ཥ་སྦྱོར་བར་དག་རྡོ་རྗེས་པབ་ལ།།དེར་ནི་དཔལ་ཆེན་ཡབ་ཡུམ་བཞུགས།།ཕྱི་མཚམས་ལེའུ་ཙེ་དེ་བརྒྱད་ལ།།ཟླ་གྲམ་བརྐྱང་བ་བརྒྱད་བྱས་ཏེ།།ཡེ་ཤེས་གནས་ཀྱི་མ་བརྒྱད་དགོད
118a6 ཕྱི་རོལ་སྒོ་གཅིག་ཁྱམས་དེ་ལ།།བསྒྲུབ་པའི་རྫས་ཀྱིས་མཛེས་པར་དགྲམ།།བསམ་བྱ་བསྒྲུབ་པ་ལ་སོགས་ཀུན།།ཐམས་ཅད་བཞིན་འདིར་སྦྱར་བྱ།།ཇི་ལྟར་ཐ་པའི་སྐྱེས་བུ་གང་།།ཆོས་ཀྱི་རྒྱལ་པོར
118a7 བྱུར་པ་སྟེ།།ཐཾད་ཀུན་ལ་དབང་སྒྱུར་བའི།།སྐྱེས་བུ་ཆེན་པོར་དེ་འགྱུར་རོ།།ཞེས་གསུང་སོ།།དེ་ནས་ཡང་སེམས་དཔེའི་རྡོ་རྗེ་ངེས་ཆོ་འཕྲུལ་ཐཾང་ལ་དབང་བ་ཞེས་བྱ་བ་འདི་གསུང་སོ།།འདུས་པ་ཆེན་པོའི་རྣལ་འབྱོར་པ།
iiif viewer powered by OpenSeadragon
117b - 118b