e-texts navigator
Collection
Volume
Page
Wylie

10a1 ཅག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་དུ་གསོལ་ཞེས་གསོལ་བ་བཏབ་པ་ལས།བཅོམ་ལྡན་འདས་གསང་བ་མཆོག་བདག་པོ་དེས་ཞལ་གྱི་མདངས་ཕྱུང
10a2 སྟེ།འོད་ཟེར་དེ་དག་ཡེ་ཤེས་ཀྱི་འོད་ཞི་ཞིང་འཁྱིལ་བ་དང་།མཛེས་ཤིང་བདེ་བ་དང་།ལྡན་པས་ཐམས་ཅད་རངས་པར་བྱས་པས་སྣོ་དུ་རུང་བར་རྣམ་པར་སྦྱངས་ནས།འོད་དག་འད
10a3 ཀྱི་གན་སུ་ཐིམ་པར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་བདག་པོ་དེས་མི་གནས་པའི་ཡེ་ཤེས་ཆེན་པོའི་ཀློང་ནས་ངེས་པར་བཞེངས་ནས་སེང་གེ་རྣམ་པར་རྒྱལ་བའི
10a4 སྒྲ་ལྟ་བུས་དོན་གྱི་བཀོད་པ།གསང་བའི་ངེས་པ་རྒྱུད་མི་འགྲེལ་པ།རྟགས་ཀྱི་རོལ་པ།རྡོ་རྗེ་རྣམ་པར་བསྒྱིངས་པའི་གཞུང་ཆེན་པོ་སྒྲ་འདིས་བཤད།། ཨོ་ཨ~ཾ།སཱ་མ་ཡ། དྷི
10a5 གུ་ཧྱ་པུ་ཏི་ཨ་ཧོ་ཀུ་ལ་མ་ཏོང་བྱིད་ཏ་བ་དྲ་ཨ་མོ་བྷ་ཨཾ་ཤྭ་ར་ས་ཡ་ན་གུ་ཏི་ཨ་ལ་ལ་ཧོ་ཞེས་ཅིང་མི་གསུང་ངོ་།།ཀུན་ཏུ་མི་གསུང།རབ་ཏུ་མི་གསུང།གསུངས་པ་མི་འགོག།འག
10a6 པ་མ་ཡིན།མ་གསུངས་པ་ཉིད་ན་རྒྱ་ཆེར་བཤད་པའི་ངོ་བོར་བཞུགས།།རྣམ་པར་བཞུགས་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་ཞལ་གཟིགས་ཏེ།འཛུམ་པས་བསྐུལ་པ་རྣམ
10a7 པར་མཛད།།དེ་ནས་དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་དེས་བསྐུལ་བར་རྣམ་པར་རིག་ནས་རང་གི་སྟན་ལས་ལངས་ནས།རང་གི་མཚན་མ་གནས་ལྔར་རེག་པར་བྱས་ནས།ལྕེ




iiif viewer powered by OpenSeadragon

9b - 10b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo