e-texts navigator
Collection
Volume
Page
Wylie

422a1 ལ་བརྩེ་བ་དང་།།བདག་ཅག་རྣམས་ལ་སྨན་སླད་དུ།།བཅོམ་ལྡན་སྙིང་པོས་བཤད་དུ་གསོལ།། ལཱ་ལ་ཧོ་ཞེས་གསོལ་པ་ལས།བཅོམ་ལྡན
422a2 འདས་གསང་བ་མཆོག་གི་བདག་པོས་གསོལ་བ་བཏབ་པ་ཐུག་སུ་ཆུད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།།སྨྲ་བའི་སེང་གེ་གསང་སྔགས་མདོའི་དོན་རྣམས་ཕྱི་རབས་ཀྱི
422a3 རྣལ་འབྱོར་པ་ལ་ཕན་གདགས་པ་དང་།དད་པ་ཅན་གྱི་འགྲོ་བ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར་ང་ལ་ཞུ་བ་ལེག་སོ།།སྨྲ་བའི་སེང་གེ་ལེག་སོ།།ཕྱོགས་བཅུ་དུས
422a4 བཞིའི་སངས་རྒྱས་སྔར་འདས་པ་རྣམས་ཀྱིས་གསུངས་པ་དང་།ད་ལྟར་བཞུགས་པ་རྣམས་ཀྱིས་གསུངས་པ་དང་།ཀླད་ཀྱིས་བྱོན་པ་རྣམས་ཀྱིས་གསུང་བར་འགྱུར
422a5 བ་རྣམས་ཀྱི་དོན་ཐོག་མར་དགེ་བ།བར་དུ་དགེ་བ།ཐ་མར་དགེ་བ།དོན་བཟང་པོ།རྒྱུད་ཀྱི་འབྲེལ་བ།དོན་གྱི་བཀོད་པ།རྟགས་ཀྱི་རོལ་པ།ཡེ་ཤེས་རྔམ་པ་ཀླག
422a6 གི་འཁོར་ལོས་རྣམ་པར་བསྒྱིངས་པ་གཞུང་ཆེན་པོ་འདི་ངས་པཤད་པར་བྱ་ཡིས།སྐལ་པ་དང་ལྡན་པ་རྣམས་གསང་སྔགས་ཀྱི་དོན་ཟབ་མོ་ནི་ཐོས་པར་དཀའ་ན
422a7 ཐོས་ནས་དེའི་དོན་ལ་གནས་པོར་དཀའ་སྟེ་ཕལ་གྱི་ཐུན་མོང་དུ་མ་གྱུར་པའོ།།འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལས




iiif viewer powered by OpenSeadragon

421b - 422b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo