e-texts navigator
Collection
Volume
Page
Wylie

421b1 རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་ཀློག་གི་འཁོར་ལོའི་མདོ་ཞེས་བྱ་བ་ལུས་ཏི་འཛིན་གྱི་རིམ་པར་ཕྱེ་བའི་སྒོ་ནས་གྲོང་བསླང་བ་དང་སྔགས་ཀྱི་སྤྱོད་པ་བསྟན་པའི་ལེའུ་སྟེ་གཉིས
421b2 པོའོ།།།།དེ་ནས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་གསང་བ་མཆོག་ག་རྒྱལ་པོ་ལ་ལན་བརྒྱ་སྟོང་དུ་སྐོར་བ་བྱས་ནས་རྨད་དུ་བྱུང་བའི་མཆོད
421b3 པ།རྒྱས་པ་དེ་ཁོ་ན་ཉིད་ཀྱིས་རབ་ཏུ་མཆོད་དེ་ཀུན་ཏུ་རབ་ཏུ་མཆོད་ནས་གཙུག་གི་འདུད་པས་ཕྱག་རྣལ་འབྱོར་གྱི་ལུགས་བྱས་ཏེ་འདི་སྐད་ཅེས་གསོལ་བ་བཏབཱ་བི།།ེ་མའོ་བདེ
421b4 བྱ་གཤེགས་པ་ཀུན་ཏུ་བཟང་།།ེ་མའོ་ཡཾ་ནས་དག་པའི་དོན།།ེ་མའོ་གསང་བ་མཆོག་གི་བདོག།ེ་མའོ་ཡེ་ཤེས་རྔམ་པའི་གློག།ེ་མའོ་གཉིས་མེད་དགྱེས་ཆེན
421b5 བློ།།ེ་མའོ་བདེ་བ་བདེ་ཆེན་མཆོག།ེ་མའོ་རྣམ་དག་དཔལ་ཁྱོད་ལ།།ེ་མའོ་བདག་ཅག་གསོལ་བ་འདེབས།།བྱང་ཆུབ་སེམས་འདི་ཇི་ལྟར་སྐྱེད།།དཀྱིལ་འཁོར་རྣམས
421b6 ནི་ཇི་ལྟར་ལགས།།ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ཅི།།བསྙེན་སྒྲུབ་རྣམ་བཞི་ཇི་ལྟར་ལགས།།དངོས་གྲུབ་སྒྲུབ་པའི་རྣམ་གྲངས་ཅི།།སྔགས་ཀྱི་སྡོམ་པ་ཇི་ལྟར་བསྲུང་།།
421b7 རྣལ་འབྱོར་བརྟུལ་ཞུགས་ཇི་ལྟར་སྤྱད།།དྲེགས་པའི་ཚོགས་ནི་ཇི་ལྟར་གདུལ།།རྣམ་བཞིའི་ལས་ནི་ཇི་ལྟར་བགྱི།།བརྣག་པའི་ནན་ཏུར་ཇི་ལྟར་བགྱི།།རྣལ་འབྱོར་རྣམས




iiif viewer powered by OpenSeadragon

421a - 422a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo