e-texts navigator
Collection
Volume
Page
Wylie

421a1 དམིགས་པ་དེ་བཞིན་དུ་གསང་སྔགས་བཟླས་པའི་སྒྲ་ཡང་བཟླས་པ་ཙཱམ་ཉྩང་ན་སྟོང་བྱའོ།།རྒྱུ་ཟླ་ཞེས་བྱ་བའི་མཚན་ཉིད་ནི་ཟླ་བུའི་གཟུགས་བརྟནཱ་ཆུའི་ནང
421a2 དུ་སྣང་ཡང་ཆུ་ལ་ཟླ་བ་མེད་དོ།།དེ་བཞིན་དུ་ཕྱུག་རྒྱའི་དཀྱིལ་འཁོར་ལ་ཡང་བཟུང་འཛིན་གྱི་རྟོག་པ་མེད་དོ།།ཆུའི་ཆུ་བྱུར་ཞེས་བྱ་བའི་མཚོན་འདི་ནི་ཆུའི་རླངས་ཆེན་གཅིག་ལས
421a3 ཆུ་བུར་མང་དུ་འབྱུང་ཞིང་སླར་ཡང་འདུ་བ་དེ་བཞིན་དུ་རྣལ་འབྱོར་པའི་ཏིང་འཛིན་གྱི་རྣམ་པ་ཡང་གཅིག་ཏུ་མཆད་དོ།།མིག་འཁྲུལ་པ་ཞེས་བྱ་བའི་མཚན་ཉིད་ནི་མི་མིག་རང་ཅན་གྱི
421a4 བར་སྣང་ལ་བལྟས་ན་ཟླ་བ་གཉིསུ་སྣང་ཡང་ཟླ་བ་ལ་གཉིསུ་གྱུར་པ་མེདོ།།དེ་བཞིན་དུ་གསང་སྔགས་ཀྱི་ལྟ་བ་ཡང་འཛིན་རྟོག་གི་ལྟ་བ་ནིར་རྣམ་པར་རྟོག་པ་རྣམ་མང་ཡོངསུ་གྲུབ
421a5 པཱཔར་ཡིངས་མི་བལྟའོ།།མགལ་མེ་བསྐོར་བ་ཞེས་བྱ་བའི་མཚན་ཉིད་ནི་གང་དྲག་ལག་ན་མགལ་མེ་ཐོགས་ནས་བསྐོར་ན།དབྱིབས་ཀྱི་རྣམ་པ་ཇི་ལྟར་ཡང་སྣང་སྟེ།དེ་ལ
421a6 དབྱིབས་མེད་དོ།།དེ་བཞིན་དུ་རྣལ་འབྱོར་པའི་སེམས་ཀྱི་ཆོ་འཕྲུལ་ཅིར་ཡང་སྣང་ཞིང་འབྱུང་ལ་དངོས་པོར་མ་གྲུབ་པའོ།།སྨྲ་བའི་སྲོང་གེ་དེ་ལྟར་ན་གསང་སྔགས་ཀྱི་སྤྱོད་པ་ནི་དེ་ལྟར
421a7 ཤེས་པར་བྱའོ།།སྨྲ་བའི་སེང་གེ་དེ་ལྟར་བས་ན་རྣལ་འབྱོར་པས་ཡང་དག་པར་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་ཁོང་དུ་ཆུད་པར་བྱའོ།།འཕགས་པ




iiif viewer powered by OpenSeadragon

420b - 421b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo