e-texts navigator
Collection
Volume
Page
Wylie

420b1 མེད་དོ།།སྨིག་རྒྱུ་ཞེས་བྱ་བའི་མཚན་ཉིད་ཀྱང་འགྲོ་བ་སྐོམ་གྱིས་གདུངས་པའི་དུ་སུ་ཉི་མ་དྲོ་བ་ལས་སྨིག་རྒྱུ་བ་ལྔ་ཆུར་མཐོང་ཡང་དེ་ལ་ཆུའི་རུང་བཞིན་མེདོ།།དེ་བཞིན་དུ་གསང
420b2 སྔགས་མིང་གི་ཁྱད་པར་ཡང་གདགས་པའི་གཞི་མེད་པ་ལ་མིང་དང་ཐ་སྙད་བཏགས་པ་ཡིད་མིང་ཉིད་དམིག་སུ་ག་ལ་ཡོད།རྨི་ལམ་ཞེས་བྱ་བའི་མཚན་ཉིད་ནི་སྐྱེས་བུ།
420b3 གེ་ཉིད་ལོག་པའི་ཚེ་བདེ་སྡུག་གི་རྣམ་པ་མང་པོ་རྨིས་ཀྱང་སངས་ནས་ནི་ཡང་དམིགསུ་མེད་དོ།།དེ་བཞིན་དུ་གསང་སྔགས་ཀྱི་སྤྱོད་པ་ཡང་ཇི་ལྟར་སྤྱད་ན་ཡང་སྤྱད་པའི་དམིགས
420b4 པཱ་ཀུན་དང་བྲལོ།།གཟུགས་བརྙན་ཞེས་བྱ་བའི་མཚན་ཉིད་ཀྱང་ཆུའམ་མེ་ལོང་ངམ་འབྲུ་མར་ལ་བརྟེན་ནས་བཞིན་གྱི་གཟུགསུ་སྣང་ཡང་བཞིན་དེ་ཉིད་དུ་འཕོས་པ་མེད་དོ།།
420b5 དེ་བཞིན་དུ་གསང་སྔགས་ཀྱི་དངོས་གྲུབ་ཀྱང་བསྒྲུབ་པ་དང་།ཏིང་འཛིན་དང་གཡོ་བྱད་ལ་བརྟེན་ནས་འབྱུང་ཡང་དམིགས་པ་དང་བྲལ་ལོ།།དྲི་ཟའི་གྲང་ཁྱེར་ཞེས་བྱ་བའི་མཚན
420b6 ཉིད་ནི་བར་སྣང་ན་དྲི་ཟེ་གང་ན་གནས་པ་དེར་གྲོང་ཁྱེར་ཡང་དེ་ན་གནས་ཏ་དེ་བྱུང་མ་ཐུག་ཏུ་རྟོག་པ་མ་ཡིན་པ་དང་།གསང་སྔག་གནས་ཀྱང་རྣལ་འབྱོར་པ་བདག་ཉིད་ཀྱིས་ཀྱང་བསྐྱེད
420b7 པར་འབྱུང་ལ།དེ་ཡང་ཐེར་ཐུག་མ་ཡིན་ནོ།།བྲག་ཆ་ཞེས་བྱ་བའི་མཚན་ཉིད་ནི་བྲག་ཆ་ངོས་ལ་ཇི་སྐད་སྐྱེད་པ་སྐད་བྲག་ཆ་ལ་ཡང་དེ་བཞིན་དུ་འབྱུ།།འབྱུང་ཡང་སྒྲར་མི




iiif viewer powered by OpenSeadragon

420a - 421a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo