e-texts navigator
Collection
Volume
Page
Wylie

420a1 །བྷྱ།སྨྲ་བའི་སེང་གེ་གསང་སྔགས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་བྱུང་སྟེ།རབ་ཏུ་སྤྱོད་པར་དཀའ་ན་མདོར་བསྟན་རྣམ་པ་བཅུར་འདུས་སོ།།བཅུ
420a2 གྲང་ཞེ་ན།གསང་སྔགས་ཀྱི་སྒྲུབ་པ་དང་།གསང་སྔགས་ཀྱི་མིང་གི་ཁྱད་པར་དང་།གསང་སྔགས་ཀྱི་སྤྱོད་པ་དང་།གསང་སྔགས་ཀྱི་དངོས་གྲུབ་དང་།བསང་སྔགས
420a3 ཀྱི་གྲུབ་པའི་གནས་དང་།གསང་སྔགས་ཀྱི་བཟླས་པ་དང་།གསང་སྔགས་ཀྱི་ཕྱག་རྒྱ་དང་།གསེང་སྔགས་ཀྱི་ཏིང་ངེ་འཛིན་དང་།གསང་སྔགས་ཀྱི་ལྟ་བ་དང་།གསུང
420a4 སྔགས་ཀྱི་ཆོ་འཕྲུལ་ལོ།།སྨྲ་བའི་སེང་གེ་དེ་དག་གི་དཔེར་བརྗོད་པ་ཡང་རྣམ་པ་བཅུ་སྟེ།སྒྱུ་མ་དང་།སྨིག་རྒྱུ་དང་།རྨི་ལམ་དང་།གཟུགས་བརྙན་དང་།དྲི་ཟའི་གྲོང
420a5 ཁྱེར་དང་།བྲག་ཆ་དང་།ཆུ་ཟླ་དང་།ཆུའི་ཆུ་བུར་དང་།མིག་འཁྲུལ་དང་།མགལ་མི་བསྐོར་བ་ལྟ་བུའི་རྣམ་པར་སྣ་།།སྨྲ་བའི་སེང་གེ་དཾ་ཡང་ཇི་ལྟ་ཞེ་ན།སྒྱུ
420a6 མཱ་ཞེས་བྱ་བའི་མཚན་ཉིད་ནི་སྐྱེས་བུའི་རྩོལ་བ་དང་།སྨན་དང་སྦྱོར་བ་སྔགས་ཀྱི་སྦྱོར་བ་ལས།དབང་པོའི་ཡིད་འཕྲོག་པའི་རྣམ་པ་ཅིར་ཡང་སྣང་ཡང་སླུ་བའི་བདག
420a7 ཉིད་ཅན་དེ་སྣང་བ་མེདའོ།།དེ་བཞིན་དུ་གསང་སྔགས་སྒྲུབ་པའི་མཚན་ཉིད་ཀྱང་ཏིང་འཛིན་དང་།ཡིག་འབྲུ་དང་རྫས་ཀྱི་སྦྱོར་བ་ལས་རྟགས་དག་སྙིང་ཡང་དེ་ལ་རང་བཞིན།




iiif viewer powered by OpenSeadragon

419b - 420b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo