e-texts navigator
Collection
Volume
Page
Wylie

419b1 མམནས་སམ་ཐཅས་མཐ། མཁམ་ཐས་མསམམམ་མམས་ཡམ་སམས་མམམམམན་ས་ཀ
419b2 ཀུན་རྫོབ་དུ་མཚན་མ་ཐབས་ཀྱི་ཕྱག་རྒྱ་མའི་ཚུལ་དུ་ཡང་མེད་པ་མ་ཡིན་ཏེ།མཚན་མ་མེད་པའི་རྣལ་འབྱོར་དང་མཚན་མའི་རྣལ་འབྱོར་གཉིས་དང་ལྗོན་པའི་ཕྱིར་རོ།།སློབ་པའི
419b3 རྣལ་འབྱོར་དེ་ནི་བདེན་པ་རྣམ་པོ་གཉིས་ལ་བརྟེན་ནས་ལྷུན་གྱིས་གྲུབ་པའི་ས་གོམས་པ་ཆེ་ཆུང་གྲིས་འགྲུབ་པ་ཡིནོ།།སྒྲའི་རྟྟི་སུ་འབྱུང་བའི་རྣལ་འབྱོར་ཐོན་ལས་རིང་དུ་གྱུར་པ
419b4 རྣམས་ནི་སྤྱོད་པ་འབའ་ཤིག་ལ་བློ་གནས་ཏེ།དེ་ཅིའི་ཕྱིར་ཞེ་ན།ལོག་པའི་ཀུན་རྫོབ་འབའ་ཞིག་ལ་རྟོག་གི་ཡང་དག་པའི་ཀུན་རྫོབ་ལྷའི་དཀྱིལོ་འཁོར་ཡང་མཐོང་བ་མེད
419b5 པའི་ཕྱིར།།སྨྲ་བའི་སེང་གེ་དེ་བས་ན་ལོག་པའི་ཀུན་རྫོབ་སོ་སོའི་སྐྱེ་བོ་ལྟ་བུའི་ཆོས་ལ་བརྟེན་ནས་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ་ཆོས
419b6 ཐམས་ཅད་ཤེས་པར་བྱའོ།།ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདྲེན་པ་ཁོང་དུ་ཆུད་པར་ནུས་པ་ནི་རེག་པའི་སྐྱེས་བུ་ཞེས་གྲག་སོ།།སྨྲ་བའི
419b7 སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་གསོལ་པ།བཅོམ་ལྡན་འདས་གསང་སྔགས་ཀྱི་སྤྱོད་པའི་རང་བཞིན་གླེང་ལགས།དཔེར་བརྗོད་པན་ཇི་སྐད་དུ་བརྗོད་པ་ལགས
419b8 བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བཀའ་སྩལ་པ།སྨྲ་བའི་སེང་གེ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་རྣམས་བཤད་ཀྱིས་ཉོན་ཅིག།ངས་ཡིད་ཚིམ་པར




iiif viewer powered by OpenSeadragon

419a - 420a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo