e-texts navigator
Collection
Volume
Page
Wylie

418b1 བཏབ་པ་ལས་བཅོམ་ལྡན་འདས་གསངདྲ་བ་མཆོག་གི་བདག་པོ་སྨྲ་བའི་སེང་གེས་གསོལ་བ་བཏབ་པ་ཡང་མཁྱེན།འདུས་པའི་འཁོར་ཚོགས་རྣམས་ཀྱིས་སེམས་ཀྱི་རྟོག་པ
418b2 ཡང་མཁྱེན་ནས་ཚིག་གི་རྗེསུ་འབྲང་བའི་རྣལ་འབྱོར་ཡང་ཐུགསུ་ཆུད་ནས་རྣམ་པར་ཐར་པའི་སྒོ་གསུམ་ཕྱུག་སྟེ།ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་ཡང་ནས་ཡང་དུ་གསོར་ཞིང་རྨད
418b3 དུ་བྱུང་བའི་ཆོས་ཀྱི་སྒྲ་ཆེན་པོ་རབ་ཏུ་བསྒྲགསོ།།ོཾ་ཨཱཿཧཱུ~ཾ་སྭཱ་ཧཱ།བོ་དྷྱ~ཾ་ཙིང་ཏ་གུ་ཡ་ས་མ་ཡ།འདི་ནི་གསུང་མ་ཐུག་ཏུ་ཡང་།།སངས་རྒྱས་གྲགས་པ་ཆེན་པོ་ཀུན།
418b4 རབ་ཏུ་བསྔགས་ཏེ་བརྒྱལ་བར་འགྱུར།།འཁོར་ཚོགས་གཞན་མེ་སྨོས་ཅི་དགོས།།དེ་ནས་གསང་བ་མཆོག་གི་བདག་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།།རིགས་ཀྱི་བུ་རྣམས
418b5 ཉོན་ཅིག།གང་ཚིག་གིས་བརྗོད་དུ་རུང་བ་ཐམས་ཅདྭ་ནི་ཀུན་རྫོབ་ཀྱི་བདེན་པའོ།།ཇི་སྲིད་བརྗོད་དུ་རུང་བ་མ་ཡིན་པའི་ཆོས་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པའོ།།
418b6 གང་ཚིག་དང་ཡི་གེ་ལས་འདས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ།།གང་ཚིག་དང་ཡི་གེས་བརྗོད་དུ་དྲང་བ་ཐམས་ཅད་ནི་གཟུགས་ཀྱི་སྐུའོ།།སྔགས་ཀྱི་ལྟ་བ་དང་སྤྱོད་པ་ཡང
418b7 དེདོ་ཉིད་ཡིན་ཏེ།གང་དོན་དམ་པའི་བདེན་པ་དང་།ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་སྔགས་ཀྱི་ལྟ་བ་མིན་པར་ཤེས་པར་བྱའོ།།དེ་ཉིད་རྒྱུའི་ཚུལ་དུ་གནས་པ་ལས་འབྲས




iiif viewer powered by OpenSeadragon

418a - 419a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo