e-texts navigator
Collection
Volume
Page
Wylie

418a1 །བའི་ཕྱིར་དོན་རྟོགས་པའི་བཀྲི་བའི་ཕྱིར་རྒྱལ་བ་རྣམས་ཀྱི་ཚིག་གི་སྒོ་ནས་གསུངས་པ་ཡིན་ནོ།།འདུས་པའི་འཁོར་ཚོགས་རྣམས་ཀྱིས་གསུངས་པ།སྐྲ
418a2 བའི་པང་གེ་དེ་ལྟར་ན་བདག་ཅག་དང་མ་འོངས་པོའི་རྣལ་འབྱོར་པའི་ཚིག་གི་རྗེ་སུ་འབྲང་བ་རྣམས་ཀྱིས་དོན་དུ་རྡོ་རྗེ་ཚིག་གི་ལམ་དུ་བརྗོད་པས་དོན་གསལ་བར་བྱེད་པ་དེ་སྨི
418a3 བའི་སེང་གེ་ལུས་ཀྱི་བཀའ་བ་ཁྱོད་ཉིད་ཀྱིས་ཞུ་བར་སྤོབས་ཤིག།སྨྲ་བའི་སེང་གྲེ་དབང་བས་ན་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ་ཞུས་ཤིག་དང
418a4 དེ་ནིས་སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོས་འདུས་པའི་འཁོར་ཚོགས་ཀྱིས་རྣམ་པར་རྟོག་པ་མཁྱེན་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་ལ
418a5 ལན་སྟོང་དུ་སྐོར་བ་བྱས་ཏེ།རྨད་དུ་བྱུང་བའི་མཆོད་པ་རྒྱས་པ་དེ་ཁོ་ན་ཉིད་ཀྱིས་མཆོད་ནས་འདི་སྐད་གསོལ་བ་བཏབ་བོ།།ེ་མ་ཧོ་སྟོན་པའི་ངོ་མཚར་ཁྱོད།།ཕྱོགས་བཅུའི
418a6 སངས་རྒྱས་ཐམས་ཅད་ཀྱི།།བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ།།ཚིག་ཏུ་བརྗོད་པ་མ་ལགས་ནའང་།།མཚན་མའི་རྗེས་འབྲང་རྣལ་འབྱོར་པ།།དོན་ལོ་རྩིང་ལ་ཚིག
418a7 ལ་ཞི་བ།།ཚིག་གི་བསམས་པ་རིངས་བྱའི་ཕྱིར།།སྙིང་པོ་བྱང་ཆུབ་དོན་འདི་ལ།།དཔེས་མཚོན་ཚིག་གི་ལྡེ་མིག་གིས།།གསང་བ་དེ་ཉིད་བཤད་དུ་གསོལ་ཞེས་གསོལ་བ




iiif viewer powered by OpenSeadragon

417b - 418b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo