e-texts navigator
Collection
Volume
Page
Wylie

417b1 རྣ་འབྱོར་པ་ཐམས་ཅད་ཀྱི་བུད།ཆོས་ཐམས་ཅད་ཀྱིས་མཛད་ལགས་ན།།བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོས་བདག་ཅག་འཁོར་གྱི་དཀྱིལ་འབྱོན་འཇན
417b2 གསང་བའི་ཚིག་ལམ་གྱིས་སྙན་པར་མི་སྣང་བའི་རྒྱུ་དང་རྐྱེན་བདག་ཅག་རྣམས་ལ་བསྟན་དུ་གསོལ།སྨྲ་བའི་སེང་གེ་ལེགས་པར་བསྟན་དུ་གསོལ་ཞེས་ཞུས་པ་དང་སྒྲ
417b3 བའི་སེང་གེས་བཀའ་སྩལ་པ།ོཾ་ཨཱཿཧྲཱི་ཨཱ་ལ་ལཾ་ཧཱ།།རྒྱལ་བའི་སྲས་པོ་ཅང་མི་གསུང་།།མི་གསུང་བ་ཉིད་རྒྱ་ཆེར་བཤད།།བཤད་དུ་མེད་པའི་དོན་དེ་ནི།།རྡུལ
417b4 བ་རྣམས་ཀྱིས་མ་བཤད་དེ།།དེ་ལྟར་སྟོན་པ་རྒྱལ་མཆོག་ཀྱང་།།རྣམ་པར་བརྗོད་པའི་མི་མཛད་དེ།།བཀའ་མི་སྩོལ་བར་དགོངས་པའོ།།འདུས་པའི་འཁོར་རྣམས་ཉན
417b5 ཙུག།དེ་བས་ན་གསང་བ་དོན་དམ་པའི་བྱང་ཆུབ་ཀྱི་སྙིང་པོ་དེ་སྨྲ་བས་མ་ལས་འདས་ཤིང་བརྗོད་དུ་མེད་པས་དེ་ལ་ཚིག་ཏུ་སྨྲ་བ་ལགས་པ་མ་ཡིན་ཏེ།ཚིག་ཏུ་སྨོས་པའི་དུས
417b6 ཉིད་གྲོལ་བ་ཡིན་པར་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་ཀྱང་བཤད་དེ།།ད་ལྟར་སྟོན་པ་ཉིད་ཀྱང་དེ་ན་དེ་ཉིད་དགོངས་ནས་མ་གསུངསོ།།འདུས་པའི་འཁོར་ཚུ་གས
417b7 རྣམས་དེ་བས་ན་མ་སྐྱེས་པའི་སྙིང་པོ་བྱང་ཆུབ་སེམས་ཚིག་ཏུ་སྤྲོས་པ་དང་བྲལ་གྱིས་ཀྱང་ཀུན་རྫོབ་ཀྱི་བདེན་པའི་དབང་དུ་མཚན་མའི་ཚིག་གི་རྣལ་འབྱོར་པ་རྣམས་ཚིག་གི་འདྲང




iiif viewer powered by OpenSeadragon

417a - 418a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo