e-texts navigator
Collection
Volume
Page
Wylie

417a1 སྤྲོས་མཆོད་དུ་གངལ་བ་བཏབ་བོ།།འདི་ལྟར་རྨད་བྱུང་མཆོད་ཁྱོད།།སངས་རྒྱས་ཡབ་གྱུར་\ུ0f7fལྱཱ་བྷིཥྚ་སྭཱས།།ཡཱ་མནན་ལྡན་པ་སྤྱོད་དུར་ཆུ།
417a2 བཀའ་ཡི་འཁོར་ལོ་དམ་པ་དེ།།སྒྲ་བརྗོད་ཡུལ་ལས་རབ་འདས་ཀྱང་།།ངག་གློ་ལམ་ནས་རབ་བརྗོད་ཅིང་།།དེ་པེས་མཚན་ཚིག་གི་ལཱྀ་མིག་གིས།།གསལ་བར་མཚན
417a3 གོ་བར་མཛོད།། ལ་ལ་ཧོ་ཞེས་གསིལ་བ་བཏབ་བོ།།དེ་ནས་གསང་བ་མཆོག་གི་བདག་པོ་དེས་གསོལ་པ་བཏབ་པར་མཁྱེན་ནས་བརྗོད་དུ་མེད་པའི་ཏིང་འཛིན་ལ་སྙོམས་པར
417a4 ཞུགས་ནས་ཅང་མི་གསུང་བར་བཞུག་སོ།།དེ་ནས་འདུས་པའི་འཁོར་ཚོགས་ཀྱིས་སྨྲ་བའི་སེང་གེ་བྱེད་པ་པོ་ཀུན་ཏུ་བཟང་པོ་དེ་ལ་ལུགསུ་བཏུད་དེ་བརྐྱང་ཕྱག་བཙལ་ནས་རྨད་དུ
417a5 བྱུང་བའི་མཆོད་པ་སྣ་ཚོགས་བྱས་ནས་གསོལ་བ་བཏབ་པ།སྨྲ་བའི་སེང་གེ་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་ཁྱོད་ལ་བདག་ཅགྲ་ཞུ་བར་སྤོབས་ན་གསང་བའི་སྐབས་དབྱེ་བར
417a6 གསོལ།སླ་བའི་སེང་གེ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།འདུས་པའི་འཁོར་ཚོགས་ཁྱོད་ཅི་དང་ཅི་འདོད་པ་བདག་ལ་ཞུས་ཤིག།བདག་གི་གནང་བའི་སྐབས་དབྱེའོ།།
417a7 འདུས་པའི་འཁོར་རྣམས་ཀྱིས་གསོལ་པ།སྦ་བའི་སེང་གེ་བྱེད་པོ་པོ་དང་ཀུན་ཏུ་བཟང་པོ་ཁྱད་ནི་སངས་རྒྱས་ཐམས་ཅད་ཀྱི་ཡབ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེ་།




iiif viewer powered by OpenSeadragon

416b - 417b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo