| | e-texts navigator
|
416a1 མཛད་དོ།།དེ་ནས་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་དེས་བསྐུལ་བར་རྣམ་པར་རེག་ནས་བཙུན་མོ་བྱ་བ་མོ་ཀུན་ཏུ་བཟང་མོ་དང་གཉིས་མེད་པར་སྦྱོར་ཞིང་རང་གི་བདུན།
416a2 ལས་རྣམ་པར་ལངས་ཏེ་བྱང་ཆུབ་སེམས་ཀྱི་མཚན་མ་གནས་ལྔར་བཏབ་ནས་སྐྱེ་པདྨའི་སྟེང་དུ་ལས་ཀྱི་རྡོ་རྗེ་བོཞག་སྟེ།བཻནྡྷང་ཕྱུག་བཅོལ་ནས་མི་འཇིགས་པའི་ལྟ་བས
416a3 སྟོན་པའི་ཞལ་དུ་བལྟས་ནས་ངན་བསྡུ་བར་གསོལ་བ་བཏབ་པ།གསང་བའི་བདག་པ་ཡ་ཡུམ་དགོངས་སུ་གསོལ།འདུས་པའི་འཁོར་ཚོགས་མང་པོ་དགོངས་སུ་གསོལ།
416a4 གསང་བའི་མཛོད་ཡེ་ཤེས་ཀློག་གི་འཁོར་ལོ་འདི་ཆོས་ཀྱི་རྒྱལ་པོ་ཆེན་པོས་བཤད་དུ་གསོལ་ཞེས་གསོལ་བ་བཏབ་པས་གསང་བ་མཆོག་གི་བདག་པོ་བྱེད་པ་པོ་ཀུན་ཏུ
416a5 བཟང་པོ་རྡོ་རྗེ་ལས་ཀྱི་བཀའ་བར་བྱིན་གྱིས་བརླབས་པའི་ཕྱིར་ཐུགས་གསང་བའི་མཁའ་ལས་བྱང་ཆུབ་སེམས་སྨོས་པས་ལས་ཀྱི་འཁོར་ལོ་རྡོ་རྗེ་རྒྱ་གླུམ་གཅིག་ལག་ཏུ་བཞག
416a6 སྟེ།ལས་ཀྱི་དབང་བསྐུར་ནས་མིང་ཡང་ལས་ཀྱི་སེམས་དཔའ་བྱེད་པ་པོ་ཀུན་ཏུ་བཟང་པོར་གཏོགས་ཏེ་ལས་ཀྱི་དབང་ཐོབ་པར་གྱུར་ཏོ།།ཆོས་ཀྱི་འཁར་ལོ་པདྨ་འདབ་མི
416a7 བརྒྱས་པ་ལྔ་སྟེང་སུ་བཞག་སྟེ།སྨྲ་བའི་སེང་གེ་ཆོས་ཀྱི་སེམས་དཔའ་ཞེས་མིང་དུ་དབང་བསྐུལ་ཏེ་ཆེས་སྨྲ་བའི་དབང་ཐོབ་བོ།།དེ་ནས་རྨ་བའི་སེང་གེ་བྱེད་པ་རྡོ་རྗེ་ལྡན
iiif viewer powered by OpenSeadragon
415b - 416b