e-texts navigator
Collection
Volume
Page
Wylie

415b1 བ་དེ་ཡང་དྲི་མ་མོད་པའི་བྱང་ཆུབ་སེམས་རིན་པོ་ཆེའི་ཆུ་ངོས་དབང་བསྐུར་བས་བྱང་ཆུབ་སེམས་ཐོབ་སྟེ་འགྲོངའི་དོན་བྱེད་པར་གྱུར་ཏོ།།གཞན་ཡང་སའི་ཁྱད་པར་ལ་གནས་པ་རྣམས
415b2 ཀྱང་རང་རང་གི་ས་ལ་སྐྱོ་སེམས་སྐྱེས་ཏེ་ལས་ཀྱི་ཚེ་བཀག་ནས་སངས་རྒྱས་ཀྱི་སྙན་པ་འདྲི་ལ་རབ་ཏུ་དད་དོ།།དེས་ན་འདུས་པའི་འཁོར་ཚོགས་རྣམས་ངོ་མཚར་དུ་གྱུར་རྨད་དུ་གྱུར།
415b3 ཏེ་འདུས་ནས་ཤིན་ཏུ་སྒྲོག་ཏེ་གསོལ་བ་བཏབ་པ།ེ་མའོ་ཨེ་མ་ཡོ་མཚན་ཆེ།།གཉིས་མེད་རོལ་པ་ཡ་མཚན་ཚེ།།འོད་ཟེར་འཕྲོ་འདུས་ཡ་མཚན་ཆེ།།བྱང་ཆུབ་ཆེར
415b4 སྤྲིན་ཡ་མཚན་ཆེ།།སངས་རྒྱས་འབྱུང་བ་ཡ་མཚན་ཆེ།།སྤྲུལ་པ་འབྱུང་བ་ཡ་མཚན་ཆེ།།ཁྲོ་བོ་འབྱུང་བ་ཡ་མཚན་ཆེ།།བྱིན་རླབས་ཆོ་འཕྲུལ་ཡ་མཚོན་ཆེ།།དགོན
415b5 གདུངས་རྩེངསྲ་པ་ཡ་མཚན་ཆེ།།འགོག་པ་གསོས་པ་ཡི་མཚན་ཆེ།།བདག་ཅག་འཁོར་ཚོགས་འདུས་པ་རྣམས།།དམ་ཚིག་ཅན་དུ་བྱིན་རླབས་མཛོད།།བླ་འོག
415b6 རིམ་པ་ཇི་བཞིན་དུ།།རྡོ་རྗེ་གསང་བའི་གྲལ་དུ་འཁོད་ཅེས་གསོལ་བ་བཏབ་པས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དེས་སྐུ་གསུང་ཐུགས་གཉི་སུ་མེད་པའི
415b7 སྒོ་ནས་འཁོར་རྣམ་པར་སྦྱོར་བའི་རྡོ་རྗེའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་གཟིགས་ནས་དལ་འཛུམ་པ




iiif viewer powered by OpenSeadragon

415a - 416a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo