| | e-texts navigator
|
415a1 ལས་སྣང་བར་བྱས་ཏེ་གསང་བ་མཆོག་གི་བདག་པོ་ལ་མདུན་གྱིས་བལྟས་ནས་རྡོ་རྗེ་གསང་བའི་གྲལ་དུ་འཁོད་དེ།།དེ་ལྟར་རེ་རེ་ལའང་སངས་རྒྱས་ཀྱི་འཁོར
415a2 ཞམ་འབྲིང་དང་བཅས་པ་འབྱམ་ཀླས་པཽ།ན་མཁའི་དབྱིངས་ཀྱི་མཐའ་ཀླས་པ་ལྷུན་གྱིས་གྲུབ་བོ།།ཡང་འོད་ཟེར་དེ་དག་རེ་རེ་ལས་ཧེ་རུ་ཀྲ་མང་པོའི་ཚོགས་ཀྱང་ཤར་ཏོ།།ཧེ་རུ་ཀ
415a3 རེ་རེ་ལ་ཡང་སངས་རྒྱས་འབུམ་ཕྲག་གི་འཁོར་སོ་སོའོ་ཞེམ་འབྲིང་དང་བཅས་པ་ལྷུན་གྱིས་གྲུབ་པར་མཛད་དོ།།ཧེ་རུ་ཀ་རེ་རེ་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་སྟེ
415a4 མུན་ནག་གི་གློག་གསལ་བར་མཛད་དོ།།ཆོས་ཀྱི་གླུ་དང་།ག་ར་དང་།ཆོས་ཀྱི་ཆར་དང་།མཆོད་པ་དང་།ཆོས་ཀྱི་ང་མཚར་རྨད་དུ་བྱུང་བ་རྔམ་པའི་ཆོ་འཕྲུལ་ཡན་མན
415a5 སྣརེལ་གཞི་ཐམས་ཅད་དུ་ལིང་ལོང་ཕྱེད་དོ།།དེའི་ཚེ་ཧེ་རུ་ཀ་འོད་ཀྱི་ཕྲེང་བ་དེས་རུ་ཏྲ་ཅན་དང་།བདུད་དང་སྲིན་པོ་དང་།གནོད་སྦྱིན་དང་།དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད
415a6 ལ་སོགས་པ་རང་རང་གི་ཚེ་བའི་ང་རྒྱལ་རབ་ཏུ་སྟོན་པ་རྣམས་ཞི་ཞོང་དུལ་བར་གྱུར་ཏེ།རང་རང་གི་དབང་ཕྲོགས་ནས་སངས་རྒྱས་ཀྱོ་བསྟན་པ་འདི་ལ་དད་པར་གྱུར་ནས
415a7 འདུས་རབ་ཏུ་འདུསོ།།དེའི་ཚེ་ན་བྱང་ཆུབ་ཀྱི་འོད་ཟེར་ཀུན་ཏུ་ཁྱབ་པ་དེས་འདུ་ཤེས་མེད་པ་དང་།འགོག་པ་ལ་གནས་པའི་མུར་ལྷུང་བ་རྣམས་ས་བོན་མེས་ཚིག་པ་དང་འདྲ
iiif viewer powered by OpenSeadragon
414b - 415b