| | e-texts navigator
|
414b1 དྲིས་འབྱུང་བ་དང་།འབྱུང་བ་ལས་གྱུར་པ་ཐམས་ཅད་ལ་ཁྱབ་པར་མཛད།།དེས་སེམས་དང་སེམས་ལས་བྱུང་བའི་ཀུན་ལ་ཁྱབ་པར་མཛད་པས་བཅོམ་ལྡན་འདས་ཀྱི་བྱང་ཆུབ
414b2 ཀྱི་སེམས་ཞི་ཞིང་འཁྱིལ་པས་རོལ་པའི་ཆེར་མངོན་པར་ཕབ་པས་སྣོད་ཀྱི་ཁམས་དང་།བཅུད་ཀྱི་ཁམས་དང་།བསམ་གཏན་དང་།འགོག་པ་དང་།སའི་ཁྱད་པར་ཐམས་ཅད
414b3 དང་།བྱང་ཆུབ་ཀྱི་རོལ་པ་སྣ་ཚོགས་སྒེག་པ་དང་།སྟེག་པ་དང་།།སྦྱོར་བ་དང་།འཁྱུད་པ་དང་།སྡོམ་པ་དང་།བསྟིམ་པ་དང་།མཉེས་པ་དང་།གསོལ་པ་དང་།མྱང་བ་དང་།།
414b4 བཅད་པ་དང་།བདེ་བ་དང་གི་སྤྱོད་པ་དང་།འཇོག་པ་ལ་སོགས་པ་བཅོམ་ལྡན་འདས་ཀུན་དུ་བཟང་པོའི་རྡོ་རྗེ་འཛིན་གྱིས་ཀུན་ཏུ་རྒྱས་པར་བྱས་ཏེ་ཡང་དག་པར་གནས་སོ།།དེ
414b5 ནས་དེའི་ཚེ་ཐུགས་རྣམ་པར་དག་པའི་མཁའ་ཀློང་ནས་རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་བརྗོད་ཀྱིས་མི་ལོང་བ་འབྱམ་ཀླས་པ་ཤར་བ་དེ་ལས་གསུང་གི་ཡིག་འབྲུ་འཁོར་ལོའི
414b6 ཚོགསུ་ཡང་སྣང་ངོ་།།ཡིག་འབྲུ་དེ་ཉིད་ཐུགས་ཕྱག་མཚན་དུ་ཡང་གྱུར།ཐུགས་དམ་ཚིག་གི་ཕྱག་རྒྱ་འོད་དུ་འཕྲོས་ཤིང་རྣམ་པར་འདུ་བའི་ཚུལ་གྱིས་རྣལ་འབྱོར་གྱི་དབང་ཕྱུག
414b7 ཁར་རྒྱལ་བ་ཡབ་ཡུམ་དང་།སེམས་དཔའ་དང་།སེམས་མ་དང་།ཐུབ་པ་དང་།འཇོམས་པ་དང་།འཇོམས་མ་རྣམས་ཀྱིས་སྐུར་ཡང་རང་རང་གི་དམ་ཚིག་གི་ཕྱག་རྒྱ།།
iiif viewer powered by OpenSeadragon
414a - 415a