| | e-texts navigator
|
414a1 བར་མ་དད་དོ།།དེ་ནས་ཡུམ་ཀླུ་དེའི་རྒྱལ་མོས་ཀྱང་སྤྱན་ཐིམ་པག་གི་ཚུལ་གྱིས་གཟིགས་ནས་ལན་སྟོང་དུ་མ་ལ་ཕྱག་འཚལ་ཏེ་གཡོན་པ་སློད་པའི་གླུ་འདིས
414a2 རྣམ་པར་བསྐུའོ།།ེ་མའོ་ཡིད་བཞིན་སྐུ་མཆོག་ཚོགས་ཆེན་མངོན་རྫོགས་ལྷ།།རྡོ་རྗེ་གར་གྱིས་ཚུལ་གྱིས་གར་མཛད་ཅིང་།།དགའ་མཆོག་རྡོ་རྗེའི་བྱང་ཆུབ་སེམས་ཆེན་དེ།།
414a3 འཛུམ་ཞིང་འཁྱིལ་པའི་པདྨའི་གནས་སུ་ཕོབ་ཧོ།།ེ་མའོ།།དཀར་ལ་འཚར་བའི་བྱང་ཆུབ་སེམས་སྤྲིན་དང་།།ཆགས་པ་དམར་པོ་དབང་གི་རང་བཞིན་དུ།།གཉིས་མེད
414a4 འཕྲོས་པའི་བྱིན་བརླབས་བས་མ་ཡས་ལྔས།།ཡེ་ཤེས་ལྷ་ཚོགས་སྦྲུལ་སྐུ་བསམ་ཡས་འཐོན།།མ་རིག་མུན་པས་ལྡོངས་པས་དོན་གྱིས་ཕྱེ།།དགོན་གདུངས་གནས་ནས
414a5 བྱང་ཆུབ་མྱུག་གུ་སྐྱེད།།ཞི་བ་འགོག་པའི་ས་ལས་རྣམ་པར་སློང་ཞེས་རྣམ་པར་བསྐུལ་བས་གཉིས་སུ་མེད་པའི་རྣམ་པར་རོལ་པས་རོལ་ཞིང་བརྗིད་པ་དང་བཅས་ནས་གར
414a6 མཛད་པ་དང་།ཤོལ་འཛུམ་པ་དང་།འདོར་བ་དང་།སྐུལ་བ་དང་།འགྱིང་བ་དང་།སྤྱན་མཛེས་པའི་སྨིན་རང་བསྐྱོད་ཅིང་སྒྱུར་བ་དང་།དུང་སག་གི་ཕུར་པས་གཡན་པ
414a7 སློང་བ་དང་།འདོར་ཞིང་བསྐུལ་བ་དང་།འཇོག་ཅིང་འདག་པ་དང་།རྣམ་པར་འདོར་བའི་རོལ་པའི་གར་གྱིས་ན་མཁའི་ཁམས་ཀུན་ཏུ་ཁྱབ་པར་མཛད།།རྣམ་པར་རོལ་པ
iiif viewer powered by OpenSeadragon
413b - 414b