e-texts navigator
Collection
Volume
Page
Wylie

413a1 ནམ་མཁའ་ནི་ཆོས་ཐམས་ཅད་ཀྱི་རྗེསུ་ཡང་སྲོང་ལ་ཇི་ལྟ་བུའི་ངོ་བོར་ཡང་གདགས་སུ་མེད་པ་དེ་བཞིན་དུ་དོན་དམ་པ་བྱང་ཆུབ་སེམས་དེ་ཡང་ཆོས་ཐམས་ཅད
413a2 ལ་ཡང་ཁྱབ་ལ་སྨྲ་བསམ་ལས་ཀྱང་འདས་སོ།།དེ་ལྟར་ཆོས་ཀྱི་སྐུའི་ངོ་བོར་བརྗོད་དུ་མེད་པ་ལ་བརྣལ་བཞིན་དུ།ཡུམ་ཀུན་ཏུ་བཟང་མོ་རྔམ་པའི་ཀྲོ་དྷིའི་རྒྱལ་མོས་སྟོང
413a3 ཉིད་ཀྱི་ངང་ལས་གླུ་འདིས་བསྐུལ་ལོ།།ོཾ་སྣང་སྟོང་སྟོང་པའི་རྡོ་རྗེ་ཆོས་ཀྱི་སྐུ།།སྨྲ་བསམ་ལས་འདས་དོན་དམ་བྱང་ཆུབ་སེམས།།སྟོང་ཉིད་དང་ལས་མི་འདིའི་དམ་ཚིག་གིས།
413a4 སྙིང་རྗེ་ན་མཁའི་ངོ་བོ་བསྟན་དུ་གསོལ་ཞེས་བསྐུལ་བས་བསྐུལ་བར་ཐུགསུ་ཆུད་ནས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངང་ལས་རིག་པའི་ཡེ་ཤེས་སྙིང་རྗེ་ཆེན་པོ་ཡིས་ཀུན
413a5 སློབས་བདལ་བར་ཁྱབ་སྟེ།སྙིང་རྗེ་ཆེན་པོ་དེས་འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་ཁྱབ་པར་མཛད།།འཁོར་གྱི་དཀྱིལ་འཁོར་ཀུན་ཏུ་ཁྱབ་པར་མཛད་ནས་ཡང་སྣོད་ཀྱི་ཁམས
413a6 ཀུན་ལ་ཁྱབ་པར་མཛད་ནས་ཡང་བཅུད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད།།བཅུད་ཀྱི་ཁམས་ཀུན་ལ་ཁྱབ་པར་མཛད་ནས་སཱིའི་ཁྱད་པར་ཀུན་ལ་ཁྱབ་པར་མཛད་དེ།།
413a7 དཔེར་ན་ཉི་མ་བར་སྣང་ལ་ཤར་བའི་འོད་ཀུན་ལ་སྙོམས་པ་བཞིན་དུ་རིག་པའི་ཉི་མ་སྙིང་རྗེས་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སྟང་ཉིད་ཀྱི་ངང་ཀུན་ལ་སྙོམས་པར་ཁྱབ་གདལ




iiif viewer powered by OpenSeadragon

412b - 413b

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo