e-texts navigator
Collection
Volume
Page
Wylie

412b1 སྲིན་པོ་དང་།ན་མཁའ་ལྡིང་དང་།མི་འམ་ཅི་དང་།རུ་ཏྲ་དང་།རུ་ཏྲ་ཅན་ལ་སོགས་པའི་ཁམས་ལ་རྣམ་པར་གཟིག་སོ།།དེ་དག་ཐམས་ཅད་ལ་རྣམ་པར་གཟིགས་ནས་ཡང་ཉན་ཐོས་ཀྱི
412b2 ས་དང་།རང་སངས་རྒྱས་ཀྱི་ས་དང་།བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་།རིག་འཛིན་ས་པའི་ཏི་གནས་དང་།ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཐམས་ཅད་ལ་རྫུ་འཕྲུལ་གྱི
412b3 སྤྱན་གྱིས་རྣམ་པར་གཟིགས་ནས་སྨྲ་བསམ་ལས་འདས་པ་དེ་བཞིན་ཉིད་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་ཅང་མི་མཛད།རྣམ་པར་མི་མཛད།མཛད་པ་མ
412b4 འོག་ག།མཛད་པ་རྣམ་པར་ཡང་མི་འགོག།མི་མཛད་པ་ཡང་མི་གནས།ཅང་མི་གསུང་མི་སྒྲོགས།རྣམ་པར་མི་གསུང་མི་སྒྲོགས།གསུང་བ་ཡང་མི་འགོག།གསུང་བ་རྣམ
412b5 པར་ཡང་མི་འགོག།མི་གསུང་མི་འགོག་པ་ལ་ཡང་མི་གནས།འཁོར་གྱི་དཀྱིལ་འཁོར་དང་།སྣོད་ཀྱི་ཁམས་ཐམས་ཅད་དང་།སའི་ཁྱད་པར་ཐམས་ཅད་ལ་ཡང་མི་གཟིགས།
412b6 མི་དགོངས།གཟིགས་ཤིང་དགོངས་པ་ལ་ཡང་མི་འགོག།རྣམ་པར་ཡང་མི་འགོག།མི་འགོག་པ་ལ་མི་གནསོ།།དེ་ནས་ཏིང་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ
412b7 འཁོར་དེ་དག་དང་།སྣོད་ཀྱི་ཁམས་དེ་དག་དང་།བཅུད་ཀྱི་ཁམས་དེ་དག་དང་།སའི་ཁྱད་པར་དེ་དག་ཐམས་ཅད་ཀྱང་རྒྱུ་མའི་མཚན་ཉིད་ཙམ་དུ་དམིག་སུ་མེད་དོ།།དཔེར་ན




iiif viewer powered by OpenSeadragon

412a - 413a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo