| | e-texts navigator
|
412a1 དྷཱིའི་རྒྱལ་མོ་ཡང་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོའི་སྐུ་ལ་འཁྲིལ་ཏེ་བཞུགས།།བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཀུན་ཏུ་བཟུང་བ་དང་།
412a2 བཙུན་མ་བྱ་བ་མོ་ཀུན་ཏུ་བཟང་མོ་ཡང་གཉིསུ་མེད་པར་མདུན་གྱིས་བལྟས་ཏེ་བཀའ་ནོད་པའི་ཚུལ་དུ་གནས་སོ།།འཕགས་པ་རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམ་པ་གློག་གི་འཁོར།།
412a3 ལོའི་མདོ་ཞེས་བྱ་བ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།།།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་གི་བདག་པོ་དཔལ་ཀུན་ཏུ་བཟང་པོ་ཡེ་ཤེས་རྔམ་པའི
412a4 རྒྱལ་པོས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་གཟིག་སོ།།འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་གཟིགས་ནས་ཕྱི་སྣོད་ཀྱི་ཁམས་ན་མཁའ་དང་ས་དང་།ཆུ
412a5 དང་།མེ་དང་།རླུང་དང་།རི་དང་།ཚལ་ལས་སོགས་པ་ཐམས་ཅད་ལ་རྣམ་པར་གཟིག་སོ།།དེ་དག་ཐམས་ཅད་ལ་རྣམ་པར་གཟིགས་ནས་ཡང་ནང་བཅུད་ཀྱི་ཁམས་སེམས
412a6 དང་སེམས་ལས་བྱུང་བའི་གཡོ་བ་དང་།འགུལ་བ་དང་།དམྱལ་བ་དང་།ཡི་དགས་དང་།བྱོལ་སོང་དང་།མི་དང་།ལྷ་མ་ཡིན་དང་།ལྷའི་རིགས་སོ་སོའི་ཁམས་དང་།
412a7 བསམ་གཏན་བཞི་དང་།ཚད་མེད་པ་བཞི་དང་།གཟུགས་མེད་པའི་ཁམས་དང་།མུ་སྟེགས་ཀྱི་ཁམས་དང་།བདུད་ཆེན་པོ་དང་།ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།
iiif viewer powered by OpenSeadragon
411b - 412b