e-texts navigator
Collection
Volume
Page
Wylie

411b1 བ་དང་།སྟོབས་པ་ཆེ་ཞེས་བྱ་བ་དང་།གཞན་ཡང་རྡོ་རྗེ་སྲིན་མོའི་ཁྲོ་མའི་འཁོར་རྡོ་རྗེ་སྲིན་མོ་སྙེམས་མ་ཞེས་བྱ་བ་དང་།སྡེར་མོ་ཞེས་བྱ་བ་དང་།དུར་ཁྲོད་མ་ཞེས་བྱ་བ་དང་།གཏུན
411b2 ཁུང་མ་ཞེས་བྱ་བ་དང་།གཽཏུམ་མོ་ཞེས་བྱ་བ་དང་།མདའ་སྙེམས་མཱ་ཞེས་བྱ་བ་དང་།སྒྲ་འབྱིན་མ་ཞེས་བྱ་བ་དང་།གསོད་མ་ཞེས་བྱ་བ་དང་།བསྐྱོད་མ་ཞེས་བྱ་བ་དང་།
411b3 རླུང་འབྱིན་མ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་གཞོན་ནུའི་འཁོར་རིགས་འཛིན་འབུམ་ཕྲག་བསམོ་གྱིས་མི་ཁྱབ་པ་དང་།གཞན་ཡང་གསོང་སྔགས་ཀྱི་མཐུ་དང་།སྟོན་པའི་ང
411b4 མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱིས་རང་དབང་མེད་པར་འཁོར་དུ་འདུས་པའི་དབང་ཕྱུག་དང་།དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཀུན་བྲན་དང་ཡང་བྲན།གཡོག
411b5 དང་ཡང་གིཡོག་དང་བཅས་པ་རྫུ་འཕྲུལ་གྱི་ཤུགས་ཀྱི་འཁོར་འདུས་པ་རྣམས་ནི་བདག་དང་གཞན་གྱི་ཤེས་པའི་རྒྱུད་ནི་ཐམས་ཅད་ཞི་བ་དང་།རྒྱས་པ་དང་དབང་དང་དྲག་པོ
411b6 དང་དགུག་པ་དང་བཅིང་བ་དང་གཏང་བ་དང་།དགྲོལ་བ་དང་།དྲང་བ་དང་རེངས་པ་དང་རྨུགས་པ་དང་དཔྲལ་བ་དང་བཟའ་བ་དང་།བཏུང་བ་དང་འཇིབ་པ་དང་ཉམས་པ་དང
411b7 གསད་པ་དང་།གནན་པ་དང་སྦར་བ་དང་ཕམ་པ་དང་།རྒྱལ་བ་ལ་སོགས་པ་བྱེད་ཅིང་ཐབས་གཅིག་ཏུ་རྡོ་རྗེ་གསང་བའི་གྲལ་དུ་འཁོད་དོ།།དེ་ནས་ཡང་དཔལ་འབར་ཡུམ་ཀྲོ




iiif viewer powered by OpenSeadragon

411a - 412a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo