e-texts navigator
Collection
Volume
Page
Wylie

408b1 གྲུབ་པའི་གསང་བ་མཆོག་གི་དཀྱིལ་འཁོར་གསང་བ་ཡུམ་གྱི་མཁའ་རྣམ་པར་དག་པའི་གཞལ་ཡས་ཁང་ན།གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རྒྱ་ཕྱོགས་བཅུར་ཡོངསུ་མ་ཆད
408b2 པ།ཆོས་ཐམས་ཅད་གཉིས་སུ་མེད་པའི་དབྱིངསུ་ཐིམ་པའི་འོད་ཟེར་གསལ་བ།སྤྲོས་པ་མེད་པའི་ཚུལ་གྱིས་ཕོ་བྲང་གི་སྙིང་པོ་ཟླུམ་པོར་གྱུར་པ།ཡེ་ཤེས་རྒྱུ་དང་འབྲས་བུར་ལྡན་པའི
408b3 འཁོར་ལོ་རྩིབས་དང་ལྡན་པ།ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་སྣང་བའི་ཐབས་ལས་བྱུང་བའི་མུ་ཁྱུད་ཀྱིས་བསྐོར་བ།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐུགས་རྗེས་རྒྱས་ནི།
408b4 ཕྱིར་གྲུབ་ནོར་གསལ་བ།རྣམ་པར་ཐར་པའི་སྒོ་ནས་འཇུག་པའི་སྒོ་བཞི་ན།རྣམ་པར་ཐར་པ་བརྒྱད་ཀྱིལམ་སྟེགསུ་ཤར་བ།ཕྱི་དང་ནང་མེད་པར་ལྷུན་གྱིས་གྲུབ་པའི་གཞལ་ཡ
408b5 ཁང་དེ་ན་ཉི་མ་དང་ཟླ་བ་རངས་པ་དང་ཕྱེད་ཀྱིས་འོད་གསལ་བར་སྣང་བ་དང་།ཆེ་བའི་ཡོན་ཏན་སྣ་ཚོགས་པའི་དྲིལ་བུ་དང་མུ་ཏིག་གི་ཆུན་མཛེས་འཕྱེང་བ་དང་།ཤར་བུའི་རྒྱུན
408b6 དང་།བླ་རེ་དང་།གདུགས་དང་།རྒྱལ་མཚན་ལ་སོགས་པའི་རྒྱན་གྱི་ཁྱད་པར་དང་མཉམ་པ་ཉིད་ཀྱི་ཏ་ལའི་ལྗོན་ཤིང་རེ་བ་སྐང་བའི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར
408b7 བུ་རིན་པོ་ཆེའི་རྒྱལ་མཚན་དང་།འཇིག་རྟེན་པའི་ལྷ་དང་ལྷའི་བུ་མོ་རྣམ་པ་སྣ་ཚོགས་པའི་རོལ་མོ་དང་གླུ་དབྱིངས་ཀྱི་ཚིག་སུ་བཅད་པས་བརྒྱན་པའི་གནས་ཁྱད་པར་རྒྱུ་ན་པ




iiif viewer powered by OpenSeadragon

408a - 409a

Texts on this page

N746 - de bzhin gshegs pa thams cad kyi gsang ba gsang ba'i mdzod chen po mi zad pa gter gyi sgron ma brtul zhugs chen po bsgrub pa'i rgyud ye shes rngam pa glog gi 'khor lo zhes bya ba theg pa chen po'i mdo