e-texts navigator
Collection
Volume
Page
Wylie

40b1 སྔགས་སྣ་ཚོགས་བཤད་པ་རྣམས།།དེ་དག་བཟླས་བརྗོད་སྦྱིན་སྲེག་བརྟུལ་ཞུགས་དང་།།བསྟན་ལ་སོགས་པས་མ་གྲུབ་ཅི་ལས་གྱུར།།ཆོ་ག་ཉམས་སམ་འོན་ཏེ་མཐུ་མ་མཆིས།།དུས་ཀྱི་།
40b2 རང་བཞིན་ལགས་སམ་སྡིག་པས་བསྒྲིབས།།གསང་སྔགས་གཞན་དུ་གྱུར་ཏམ་མཆོད་ལས་གྱུར།།ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས།།སྔར་གྱི་ཚིག་དེ་ངེས
40b3 པར་གསན་གྱུར་ནས།།ཡུད་ཙམ་དགོངས་ནས་དཀྱུས་རེངས་སྤྱན་ཕྱེ་སྟེ།།ཕྱག་གིས་རྡོ་རྗེ་མེ་སྔགས་ཟེར་འཕྲོ་བ།།གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས།།ེ་མའོ་ཟླ
40b4 བའི་འོད་ལྟར་ལམ་མེ་པའི།།སྙིང་རྗེས་སེམས་ཅན་ཕན་ཕྱིར་ཁྱེད་འདྲི་བ།ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས།།བདྲེ་གཤེགས་སྲས་ནང་ཕ་རོལ་ཕྱིན་པར་འགྱུར།།བྱང་ཆུབ
40b5 སེམས་དཔའ་རང་གི་བདེ་མ་ཆགས།།རང་གི་སྡུག་བསྔལ་རྣམས་ཀྱིས་མི་འབྱེད་ཀྱང་།།གཞན་གྱི་སྡུག་བསྔལ་རྣམས་ཀྱིས་སྡུག་བསྔལ་ཏེ།།དེ་དག་བདེ་བས་དགའ་དང་ལྡན
40b6 པར་འགྱུར།།བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས།།གང་ཕྱིར་སེམས་ཅནྡ་ཕན་ཕྱིན་འདི་བྲིས་ཏེ།།དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང་།།གསང་སྔགས་མདོ་སྡེའི་ཚུལ
40b7 དུ་ངས་བཤད་ཉོན།།གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ།།དེ་ཡི་བརྟུལ་ཞུགས་དད་པ་ངས་བཤད་དོ།།དེ་ཡིས་བདེ་བར་གཤེགས་ལ་དད་བསྐྱེད་ནས།།དེ་བཞིན




iiif viewer powered by OpenSeadragon

40a - 41a

Texts on this page

N721 - 'phags pa dpung bzang gis zhus pa zhes bya ba'i rgyud