| | e-texts navigator
|
224a1 དཀོན་མཆོག་གསུམ་ལ་ཕྱག་འཚལོ།།སེམས་ཅན་ཁམས་ནི་མཐ་རཱ་ཡས་པའི།།སྡུག་བསྔལ་ཉེ་བལྔ་ནི་བ་དང་།།ངན་འགྲོ་རྣམས་ལས་བསྒྲལ་པ་དང་།།ཉོན་མོངས
224a2 རྣམས་ལས་སྒྲོལ་བའི་ཕྱིར།།སྲིད་པ་མི་བོདེ་དག་པ་ན།།སྡུག་བསྔལ་སྣ་ཚོགས་ཅི་མཆིས་པ།།དེ་ལྟས་ཡོངསུ་སྒྲུབ་པའི་ཕྱིར།།བདག་གིས་བྱང་ཆུབ་སེམས་སྐྱེད་དོ།།སེམས་ཅན
224a3 ཕོངས་པ་ཐམས་ཅད་ཀྱི།།སྐྱབས་སུ་བདག་ཉིད་རྟག་ཏུ་ཤོག།བདག་ནི་མགོན་མེད་རྣམས་ཀྱི་མགོན།།རྟེན་མེད་རྣམས་ཀྱི་རྟེན་དུ་བདག།སྐྱབས་མེད་རྣམས་ཀྱི་སྐྱབས་འགྱུར་ཞིང་།།སྡུག་བསྔ།
224a4 བདེ་བར་བྱེད་པ་དང་།།བདག་ནི་སེམས་ཅན་ཐམས་ཅད་ཀྱི།།ཉོན་མོངས་ཞི་བར་བྱེད་པར་ཤོག།དགེ་བའི་ལས་རྣམས་གང་དང་གང་།།འདི་དང་གཞན་སྨིན་པར་བགྱིད་པར་གྱུར་ཅིག།ཡོངས
224a5 སྨིན་པར་བགྱིས་ནས་སེམས་ཅན་ལ་སྨན་པའི་སླད་སེམས་ཅན་གྱི་ཁམས་དང་།ལས་ཀྱི་ཁམས་དང་།ཉོན་མོངས་པའི་ཁམས་དང་།ན་མཁའི་ཁམས་ཅི་ཙམ་པ་དེ་ཙམ་དུ་གནས་པར་གྱུར་ཅིསྟེ།
224a6 འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚ་ལོ།།ཏང་ཡ་གྲཱ།མ་ནྱེ།སརྦ་མ་ནྱེ་བྲ་ཧ་ན་སྭཱ་ཧཱ།དགེ་བའི་རྩ་བ་དེ་དག་དང་།སངས་རྒྱས་ཀྱི་ཞིང་གི་སྟོན་ཡོངསུ་སྤྱོད་པ་དང་།ད
224a7 བཞིན་དུ་སེམས་ཅན་ཡོང་སུ་སྨིན་པར་བགྱིས་པའི་དགེ་བའི་རྩ་བ་དང་།རབ་ཏུ་འབྱུང་བའི་དགེ་བའི་རྩ་བ་དང་།དེ་བཞིན་གཤེགས་པ་ལ་མཆོད་པ་དང་།རིམ་གྲོ་དང་།བསྙེན་བཀུར་བགྱིས་པའི
iiif viewer powered by OpenSeadragon
223b - 224b