e-texts navigator
Collection
Volume
Page
Wylie

108a1 ཕྱུག་རྒྱ་ཆོ་ག་དྲུག།གང་ཞིག་དེ་ལ་སྟོན་པ་ཡང་།།དེ་ནི་དམ་ཚིག་ཉམས་གྱུར་ནས།།ངུ་འབོད་སེམས་ཅན་དམྱལ་བྱར་འགྲོ།།ཇི་སྐ་བཤད་པའི་དམ་ཆོག་རྣམས།།བྲལ་རྒྱ
108a2 པར་གང་གྱུར་པ།།དེས་ནི་རང་གི་སྙིང་པོའི་སྔགས།།གཅིག་འབུམ་དུ་ནི་ཟླས་བརྗོད་བྱ།།ཡང་ན་མེས་རྨོངས་བྱེད་པའི་གཟུང་ས།།སྟོང་དུ་བཟླས་བརྗོད་བྱས་ཀྱང་རུང་།།ཡང་ནི་ཞི་བའི་སྦྱིན་ས།
108a3 ཡང་ན་དཀྱིལ་འཁོར་དུ་ཡང་འཇུག།གཏི་མུག་དབ་གིས་མི་ཤེས་པར།།མི་གང་དཀྱིལ་འབྱོ་འདྲི་བྱེད་པ།།དེ་ནི་མཚམས་མེད་ལྔ་རྣམས་དང་།།འདྲ་བའི་གན་སུ་འགྲོ་བར་འགྱུར།།གང་ཞིག།
108a4 བསོད་ནམས་ལས་བྱེད་པ།།ཆོ་ག་འགས་པར་འདྲི་ན་ནི།།བྱང་ཆུབ་སེམས་དཔའ་མཐུ་ཆེན་ཏེ།འདོད་པའི་གནས་ནི་དམ་པར་སྐྱེ།།བཱ་ཤེད་བྱེད་རྣམས་དང་རོ་ལངས་དང་།།ཤཾ་ཟ་ལྟ
108a5 ཆེན་པོ་དང་།།རྣམ་པ་སྣ་ཚོགས་གདོན་རྣམས་དང་།།འཇིགས་པར་འགྱུར་བའི་བགེགས་རྣམས་ཀྱིས།།ལྷ་ཡི་རིགས་མཐོང་དམ་ཚིག་ཤོམ།།རྟག་ཏུ་ཚུགས་པར་མི་འགྱུར་ཞིང་།།ད
108a6 མི་དགེའི་ལས་འབྱུང་ཞིང་།།ངན་སོང་དུ་ཡང་ཡོང་མི་ལྟུང་།།དེ་ཡིས་པ་སྒྲུབས་ན་ངེས་པར་ནི།།གསང་སྔགས་ཐ~ཾད་འགྲུབ་པར་འགྱུར།།དེ་ལ་བྱང་ཆུབ་ས་བོན་ནི།།བརྟན་པར་འགྱུར་བ་།
108a7 དགས་པ་མེད།།སློབོ་དབེན་ཐོགས་ཆེན་པོ་ཡིས།།གསང་སྔགས་རྒྱུད་ནི་འཛི་ན་པ་པོ།།སློབ་མ་བསྡམས་པ་སྐྱོང་རྗེ་ཅན།།གཅིག་ནི་ནིནི་རྐྱེན་འསྐྱེད་སྨྲིག།།དཀྱིལ་འཁོར་རྣམས་ཙུ་ཙྪེ་ཧཱུ~ཾ།




iiif viewer powered by OpenSeadragon

107b - 108b

Texts on this page

N722 - dkyil 'khor thams cad kyi spyi'i cho ga gsang ba'i rgyud