| | e-texts navigator
|
209a1 དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པ་ཡོངསུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི
209a2 རྣམ་གྲངས་འདི་ཡི་གེར་འདྲིའམ།ཡི་གེར་འདྲིར་འཇུག་གམ།མིང་ཙམྲ་ཉྫན་ཏམ།ཀློག་བ་ནས་གླེགས་བམ་ལ་བྲིས་ཏེ།ཁྱིམ་ནི་འཆང་གི་བར་དུ་བྱེད་དམ།མེ་ཏོག་དང་།
209a3 སྤོས་དང་།ཕྲེང་བ་དང་།ཕྱེ་མ་རྣམས་ཀྱིས་མཆོད་པར་གྱུར་པ་དེ་དག་གི་ཚེ་ཡོངསུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུརརོ།།འཇམ་དཔལ་སེམས་ཅན་གང་དགུ་ཆ་དང་ཡེ་ཤེས
209a4 དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་བའི་མཚན་བརྒྱ་རྩ་བརྒྱད་ཐོས་པ་དེ་དག་ཚེ་ཡང་རྣམ་པར་འཕེལ་བར་འགྱུརརོ།།སེམས་ཅན་གང་དག་ཚེ་ཡོངསུ་ཟད་ཀར
209a5 མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ།།འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུ་དང་།རིགས་ཀྱི་བུ་མོ་ཚེ་རིང་པོར་འདོད་པ་དག་དེ་བཞིན
209a6 གཤེགས་པ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱུད་ཉན་ཏམ།ཡི་གེར་འདྲིའམ་ཡི་གེར་འདྲིར་འཇུག་ན།དེ་དག་གི་ཡོན་ཏནྟ་དང་ལེགས་པར་གྱུར་པ་ནི
209a7 འདི་དག་གོ།ོཾ་ན་མོ་བྷ་ག་བ་ཏེ་ཨ་པ་རི་མ་ཏ་ཨཱ་ཡུརྫྫ་ན་སུ་བིཾ་ནི་ཤྩི་ཏ་ཏི་ཛོ་རཱ་ཛཱ་ཡ།ཏ་ཐཱ་ག་ཏཱ་ཡ།རྡྷ་ཏེ་ས་མྱཀླྀ་བུད་དྷ་ཡ།ཏདྱ་ཐཱ།ོཾ་སརྦྦ་སཾ་སྐཱ་ར་པ་རི་ཤུད་དྷ
iiif viewer powered by OpenSeadragon
208b - 209b