e-texts navigator
Collection
Volume
Page
Wylie

208b1 པོའི་མདོ་རྫོགས།།།@རྒྱ་གར་སྐད་དུ།ཨཱརྱ་ཨ་པ་རི་མི་ཏ་ཨ་ཡུ་ར་ཛྙཱ་ན་ནཱ་མ་མཱ་ཧཱ་ཡ་ན་སཱུ་ཏཱ།བོད་སྐད་དུ།འཕགས་པ་ཚེ་དང་ཡ་ཤེས
208b2 དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས
208b3 མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་བརྒྱ་ཕྲག་ཕྱེ་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་།བྱང་ཆུབ་སེམས
208b4 དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ངག་དང་ཐབས་གཅིག་ཏུ་བཞུགས་ཏེ།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།འཛེམ་དཔལ
208b5 སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ།དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡིས
208b6 དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་བཞུགསོ།།ཚེ་འཛིན་ཅིང་།ཚེ་མཐར་ཕྱིན་པར་བཞེད་དེ།སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ།།ཇ
208b7 དཔལ་གཞོན་ནུར་བྱུངཉོན་ཅིག་འཛམ་བུའི་གླིང་འདིའི་མི་རྣམས་ནི་ཚེ་ཐུང་བ་ཆེ་ལོ་བརྒྱ་པ་ཤ་སྟག་སྟེ།དེ་དག་ལས་ཀྱང་ཕལ་ཆེར་ནི་དུས་མ་ཡིན་པར་འཆི་བར་བསྟན་ཏོ།འཇམ




iiif viewer powered by OpenSeadragon

208a - 209a

Texts on this page

N615 - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo
N616 - 'phags pa tshe dang ye shes dpag tu med pa zhes bya ba theg pa chen po'i mdo