e-texts navigator
Collection
Volume
Page
Wylie

199a1 པ་དང་།རང་གིས་ཀྱང་སྤྱོད་མོ་བོད་པ་ལས་གྱུར་ཏོ།།སྐུ་འཛིངས་པ་ནི་ཀུན་གྱི་ཡིད་དུ་མི་འོང་བ་བྱས་པ་ལས་གྱུར་ཏོ།།མིག་དམར་བ་ནི་འདོད་ཆགས་ཀྱིས
199a2 ཡོངསུ་རྒྱས་པ་ལས་གྱུར་རོ།།གཡོན་དུ་ཡོ་བ་ནི་མིག་མོ་ལེགས་པར་གཞན་ལ་བལྟས་པ་ལས་གྱུར་ཏོ།།མ་མཆུ་རིང་ལ་གཡ་སུ་ཡོ་བ་ནི་སྟེར་ན་ཡང་ཆེས་པར་འོང་ངོ་ཞེས་བྱས་པ་ལྔ
199a3 གྱུར་ཏོ།།ཁ་ནས་སྒྲ་རྣམ་པ་ལྔ་སྩོགས་པ་ནི་བྱེད་པ་རྒྱུ་འཐུན་པའི་འབྲས་བུ་སྟེ།སྔོན་བརྗོད་པའི་བག་ཆགས་རྟགས་པ་ལས་གྱུར་ཏོ།།དེ་ལྟ་བུའི་ལས་ཀྱི་དབང་གིས་གཞན་ཅི་བྱིན
199a4 ཡང་ཕན་པར་མི་འགྱུར་ཏེ།ཆུག་ཅིབྲ་བུ་ལོས་རང་གིསོ་སྦྱིན་ནུས་པ་མ་ཡིན་ཏཱཾ།གཞན་གྱི་ཚུལ་འཇུར་འགེགས་མ་བྱས་པས་ད་ལྟ་ཡང་ཆུགཙང་མ་ཙམ་པས་མ་རེག་པ་ལ
199a5 སྔགས་ལན་གཅིག་བཏབ་སྟེ།སེ་བྱོལ་ལན་གཅིག་གཏོགས་ཏེ་བྱིན་ན་དེའི་རྒྱུད་གྲོལ་ཞིང་འདོད་པ་ཚིམ་པར་འགྱུར་རོ།།དེ་འདི་ལྟ་སྟེ།ོཾ་ཛྭ་ལ་མི་དམ་སརྦ་པྲེ་ཏཱ་བྷཱུཿསྭཱ་ཧཱ།
199a6 གསོལ་བ་དེའི་འབྲུ་དོན་པ་ཤིད་དུ་གསོལ།བཀའ་སྩལ་པ།ོཾ་ནི་ཡེ་ཤེས་ལྔའི་རང་བཞིན་ཏེ་དོན་དམ་པའོ།།ཛྭ་ལ་འདོད་པ་མི་ལྟར་འབར་བའོ།།མི་དམ་ནི་མིའི་རྒྱུད་ཀྱིས
199a7 སེར་སྣ་དང་འཇུ་རོ་གེགས་བྱས་པའོ།།སརྦ་ནི་དེ་ལྟ་བུའི་ལས་ལས་གྱུར་པ་ཐམས་ཅད་དོ།།པྲེ་ཏ་ནི་ཡི་དགས་ཀྱི་སྙིང་པོ་ཏེ་ལས་ཀྱི་རྒྱུད་སྨིན་པའི་དོན་ཏོ།།བྷྱཿནྀ་ལས




iiif viewer powered by OpenSeadragon

198b - 199b

Texts on this page

N614 - 'jur 'gegs zhes bya ba'i gzungs