e-texts navigator
Collection
Volume
Page
Wylie

198b1 མོགོ་དམར་ལ་ཡོན་དུ་མྱོབ།།མ་མཐུ་རངལ་གལ་སུ་ཡོ་བ།སྒོ་དང་ནང་ལབ་ཤིན་ཏུ་དུལ་རང་བ།ལག་པས་ཁྲུ་ཚུར་བསྡམས་པའི་སེཾན་མྱོས་བྱ་ཀར་དུག་ནས་སྔོ་ཟུང་ངོ་བ།།ཁ་ནས
198b2 སྒྲ་རྣམ་པ་ལྔ་སྒྲོགས་པ་འདི་ལྟ་སྟེ།དངོས་ན་ཞེས་བྱ་བ་དང་།མེད་ན་ཞེས་བྱ་བ་དང་།མ་བྱིན་ཅིག་ཅེས་བྱ་བ་དང་།སྟར་ནི་ཡང་མཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་།དེ་ཙམ་ཅེ་ཆེས་ཀྱིས
198b3 ཕྲེཾ་ལས་བྱིན་ཅེས་བྱ་བ་དང་ལྔ་བརྗོད་པ།སྤྱི་ཟོང་བྱེད་པ་ཅིག་དང་ཕྲད་ནོས།བདག་ཅག་གཉིས་བསམས་པས་དགོན་པ་པས་གྲོང་ཡུལ་ཐག་ཉེ་ལ་ཟས་མོད་པས་གྲོང་ཁྱེར་དུ་ཕྱིན་ཏེ
198b4 བསླངས་པས་དཀརརོ་གསུམ་དང་།མངར་གསུམ་དང་།འབྲས་དང་།ནས་ཀྱི་ཟན་ལ་སྩོགས་པ་བཟའ་བ་དང་བཏུང་བ་མང་དུ་རྙེད་ནས་ཡི་དགས་མོ་དེའི་དྲུང་དུ་ཁྱེར་ནས་བསྟབས་པས
198b5 ཁྭ་ནས་གོང་གི་སྒྲ་རྣམ་པ་ལྔ་བརྗོད་ཅིང་གང་བྱིན་པ་མི་ལེན་པར་བྲོས་ཏེ་ཐལ་ན་འདི་ཅི་ལས་གྱུར་པ་དང་།འདི་ལ་སྨན་པའི་ཐབས་ཅི་མཆིས་ཞུ་རུ་མཆིས་པ་ལགས།།བཀའ་སྩལ་པ།རིག
198b6 ཀྱི་བུ་དག་དེ་ན་ཤིན་ཏུ་ལེགས།།ངས་བཤད་ཀྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག།དེ་ཅི་ལས་གྱུར་ན་ལུས་སྒྲོལ་སྐམས་པ་ནི་རང་གིས་ཟ་མ་ཕོད་པ་ལས་གྱུར་དེའོ།།
198b7 པྲ་བ་ནི་གཞན་ཟ་ཞིང་སྤྱོད་པ་ལ་བདག་གིས་སོར་སྣ་བྱས་པ་ལས་གྱུར་ཏོ།།ཡན་ལག་བྲལ་སོར་མོས་ཐད་ཀར་ཕུག་པ་ནི་གཞན་ལ་སྦྱིན་པ་དག་ལ་ཆེས་ཀྱིས་ཁྲི་ལ་བྱིན་ཅེས་བྱས




iiif viewer powered by OpenSeadragon

198a - 199a

Texts on this page

N614 - 'jur 'gegs zhes bya ba'i gzungs