e-texts navigator
Collection
Volume
Page
Wylie

181b1 ཀཾ་ཡིས།།རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་།།རྡོ་རྗེ་དྲིལ་ཆེན་སྟོན་པར་སྒྲོགས།།བྱིན་ཏེ་དྲིལ་ཆེན་སྙན་པར་སྒྲོགས།།ལན་འགའ་ལག་ནཱ་དྷི་ཤུལ་ཐོགས།།ལན་འགའ་ཉི་ཟླ་དུ་མཚོན
181b2 འཕྱར།།མར་གྱི་ཆེས་དགུ་བཅུ་གཅིག་ན།།དེ་ཡི་དུས་སུ་མཆོད་བྱས་ན།།ལྷོ་མོ་ཁྱོད་ལས་ལྷག་པ་མེད།།དདུད་འདུལ་ལྷ་མིན་སྲིན་མོར་སྟོན།།དགྲ་དང་འཐང་ཚེ་རྒྱལ་བར་བྱེད།།
181b3 དུད་མེད་ནང་ན་མཆོག་ཡིན་ཏེ།།ཚིག་དབང་འཇིག་རྟེན་མགོན་པོ་འདྲ།།རྒྱལ་པོའི་ཁབ་ན་པདྨ་འདྲ།།ཞལ་བཟང་ཟླ་བ་ཉ་བ་འདྲ།།ཆུ་ལ་རྒལེན་གྲུ་ཟམ་འདྲ།།ཕོངས་པ་རྣམས
181b4 ཀྱི་གཉེན་བཤེས་འདྲ།།ལྷ་དང་ལྷ་མིན་གཡུལ་འགྱོད་ཚེ།།ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ།།ལྷ་རྣམས་ཀུན་གྱི་རྫོང་བཅས་ནས།།ལྷ་དམག་དཀར་པོ་རྒྱལ་བར་བྱས།།ལྷ་མ་ཡིན་རྣམས།
181b5 ཕམ་པར་བྱེད།།ལག་ན་མདུང་དམར་ཆེམས་ཚམས།།རུ་ཚོན་བ་དན་མེ་ལྟར་འབར།།དགྲ་འདུལ་གཡུལ་བཟློག་ཁྱེད་ལ་བསྟོད།།དེ་ནས་དྲང་སྲོང་ཆེན་པོ་ཀཽའུ་དི་ནྱས་དཔལ་ལྷ་མོ་དཔེ
181b6 བྱད་ཀྱི་སྒོ་ནས་བསྟོད་པ།།འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ།།མ་རྣམས་ནདུ་ན་ཁྱོད་ནི་རྟག་ཏུ་མཆོག་ཡིན་ཏེ།།འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད།།བྱང
181b7 བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས།།རོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་རྒྱ་ན།།མིག་ཡངས་འདམ་སྐྱེས་སྔོན་པོའི་མདབ་མ་འདྲ།།བསོད་ནམས་ཡེ་ཤེས་སྣང་བ




iiif viewer powered by OpenSeadragon

181a - 182a

Texts on this page

N606 - dpal lha mo nag mo'i bstod pa rgyal po'i rgyud