| | e-texts navigator
|
180b1 གིས་ར་རོས་མྱོས་ཏྭ་མིག་རྩཝ་དམར་པོར་བྱས།།མཚན་མོ་དུར་ཁྲོད་རྒྱུ་བའི་ལྷ་མོ་ཁྱོད་ནི་འབྱུང་པོ་ཕལ་ཆེན་ཀུན་གྱིས་མཐོང་།།རྐང་པའི་གོས་ནི་ཀྲོ་རློན་མཚོན་པས་དྲངས་པས་སྣམ་གྱིས
180b2 ཕྱེད་ནི་རེ་རྗེས་དཀྲིས།།མིའི་སྒྱུ་མ་སར་བས་ཞལ་གྱིས་ཟླ་བ་རྒྱན་ཅིང་ཁྲག་ཞག་ཚོམ་དུས་ཐིག་ལེར་རྒྱན།།མི་ཤ་སོ་སོར་ཚེམ་ཆེམ་ཟ་ཡིན་མེ་རོའི་ཅོད་པན་མགོ་ལ་རྒྱན་པ་སྟེ།།བདག
180b3 ལོ་སྐྱོབ་པའི་དྲག་མོ་མི་ཤ་ཐོག་ས་ཁྱོད་སྔ་ནས་མ་མཐོང་གཟོད་མཐོང་ན།།བདུད་དང་སྲིན་མོ་མ་མོ་རྣམས་ཀྱང་མིག་རྩ་རིག་རིག་སྡང་ཞིང་ཁྱོད་ལ་འདུད།།ལྷ་མོ་བཟང་མོ་ལུས་མདོག
180b4 གནོག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་ནི།།བརྒྱ་བྱིན་སྩོགས་ཀྱི་བསྟོད་པ་བྱེད་པའི་གེ་ཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདུད།།ལྷ་རྣམས་དང་ནི་འགྲོ་བ་མ་ལུས་པ་རྣམས་འཇུག
180b5 ཕྱིར་རབ་རྟུལ་བས་ན་རྣ་བ་ཡ་གོ་ཅིག་ལ།།བྲང་གིས་འགྲོ་བ་སྦྲུལ་མགོ་གདོངས་ཀ་སྟོང་དང་ལྡན་ཞོང་ཕུད་སྒྲོགས་ཅིག་གིས་རྒྱན་ནས་བརྒྱན་དུ་བྱས།།ཡ་གཅིག་ལ་ནི་སེང་གེ་མཚུངས
180b6 མོད་ཐོགས་ཤིང་རྒྱ་མཚོ་བསྐོར་ཞིང་ས་གཞི་གནོན་པའི་ས་སྟེང་གི།ཕྱོགས་ནས་རྒྱུ་བའི་ཉི་མ་ཟླ་བ་ལྷ་མོ་ཁྱོད་ཀྱི་སྐེད་ནས་འཆར་ཞིང་སྲིད་གསུམ་ཟིལ་གྱིས་གནོན།།རྒྱ་མཚོ་ཀློང་ནས་མེ
180b7 འབར་ཆུ་རྣམས་སྙོམས་པར་བྱེད་པར་ནུས་པའི་བུད་མེད་ཐམས་ཅད་ཞོ་མཇེད་མ།།ལྷ་ཆེན་སྐུ་དང་འཚམས་པར་བཞུགས་པའི་བཀའ་བཟློག་ནག་མོ་མི་ནད་ཕྱུགས་ནད་ཀུན་ལ་འཇིགས་པ
iiif viewer powered by OpenSeadragon
180a - 181a