e-texts navigator
Collection
Volume
Page
Wylie

178a1 འགྱུར།།ཁྱོད་ནི་རྒྱལ་བ་མང་བའི་ཡོན་ཏན་སྡུད།།ཆོས་ཀྱིད་ས་ནུ་རྒྱལ་བ་རྣམས་དང་མོལ།།ཟབ་མོ་དབུ་མའི་རང་དྲནན་སྟོན་པའི་ཕྱིར།།མི་མཛད
178a2 འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར།།ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ།།ཁྱོད་ཀྱི་སྐུ་ནི་འདི་ལྟར་རང་བརྟགས་པ།།སྒྲིབ་པ་མང་པོ་སྟོང་ཉིད་དང་དུ་གཤེགས།།སྟོང་ཉིད
178a3 དམ་པ་སྟོང་པ་ཡང་དག་ཁྱོད།།སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད།།འདི་ལྟར་བསྟོད་ན་བསྟོད་པར་འགྱུར་གྲང་བས།།ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་།།བྱིས
178a4 པ་དྲང་ཕྱིར་དོན་ལ་འདི་ལྟར་བསྟོད།།དེ་ནས་ན་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་མིག་ཅན་གྱི་དཔལ་ལྷ་མོ་ལ་བསྟོད་པ།དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དྲོན།།ཐབས་ཀྱི་ཚེ
178a5 འཕྲུལ་ན་མཁའི་མཁའ་ལ་སྤྱོད།།བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ།།སྒོ་གསུམ་རྡུལ་སྙེད་དབྱངས་ཀྱི་ཕྱག་འཚལ་བསྟོད།།བདག་གིས་ཁྱོད་ནི་མཆོད་པས་མ་བསྒྲིབས
178a6 ཀྱང་།།དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར།།འདོད་པའི་ཡོན་ཏན་མཁའ་ལ་ཆར་འབབ་པས།།མཆོད་པའི་ཚོགས་འདིས་དབང་པོ་རྒྱལ་གྱུར་ཅིག།དཔལ་ལྡན་ཁྱོད་ནི་དགེ
178a7 སྡིག་བདག་པོ་སྟེ།།བདག་གི་ལུས་དགེ་ཡོད་ཀྱི་སྡིག་པའི་ཚོགས།།ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན།།ཐུགས་རྗེའི་ཤུགས་ཀྱི་སྒྲིབ་པ་བྱང་བར་མཛོད།།ཁྱོད་ཀྱི




iiif viewer powered by OpenSeadragon

177b - 178b

Texts on this page

N606 - dpal lha mo nag mo'i bstod pa rgyal po'i rgyud