e-texts navigator
Collection
Volume
Page
Wylie

177b1 མེད་ན་མཁའི་སྙིང་པོ་ནི།།དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ།།འདི་ལྟར་རྣམ་དག་བརྗོད་མེད་ངོ་བོ་ལ།།བྱིས་པ་རྣམས་ཀྱི་བསྟོད་པ་བྱེད་པ་ལྟུང་།།བླུན་པོ་རྣམས་ཀྱིས་དངོས་པོར
177b2 རབ་བརྟགས་ནས།།གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག།རྒྱལ་བའི་དོན་ཡངས་ཐུགས་ཆུད་ཁྱོད་ཉིད་ལ།།ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས།།ནམས་ཀྱང་གྲོལ
177b3 བར་འགྱུར་བའི་ཆོས་ཉིད་མིན།།གདོད་ནས་གཉིས་མེད་བདེ་ཆེན་མ་གཏོགས་པར།།ཁྱོད་ཀྱི་སྨོན་ལམ་བརྟགས་ཀྱི་ཆོ་འཕྲུལ་ལ།།དོན་ཏུ་གཟུང་ནས་གང་ཞིག་བསྟོད་པ་རྣམས།།
177b4 ཁྱོད་ལ་རྟེན་ནས་ཐམས་ཅད་བཏུབ་པར་འགྱུར།།གང་ཞིག་སྐྱེ་བ་མེད་པར་ཤེས་པ་དང་།།གདོད་ནས་གཉིས་མེད་སྙིང་པོ་སྒོམ་ནུས་ན།།གང་ཟག་དེས་ནི་ཁྱོད་ཉིད་བསྟོད་པ་ཡིན།།ཁྱོད
177b5 ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས།།བསྐལ་པ་གྲངས་མེདོ་འདས་པར་རབ་བལྟས་ཀྱང་།།ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས།།གང་ཞིག་གཟུགསུ་མི་འཛིན་རྣམས་ཀྱིས
177b6 མཐོང་།།སྒྲ་དང་ཚིག་དང་བརྗོད་པ་ཐམས་ཅད་ཀྱིས།།ཁྱོད་ནི་བོས་ཀྱང་བསྐལ་པར་མི་ཐོས་ཏེ།།འདི་དག་སྤངས་པའི་རྣལ་འབྱོར་དེ་ཡིས་ནི།།ཁྱོད་ཀྱང་པོས་ལ་དེ་ཡང་ཁྱོད་ཀྱིས་ཐོས།།གང
177b7 ཞིག་ལུས་ངག་དགེ་བས་ཁྱོད་བསྒྲུབ་པའི།།བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས།།ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ནས།།མཆོད་ན་དངོས་གྲུབ་དེ་ཡིས་གཏེར་ཐོབ




iiif viewer powered by OpenSeadragon

177a - 178a

Texts on this page

N606 - dpal lha mo nag mo'i bstod pa rgyal po'i rgyud