| | e-texts navigator
|
176a1 བའི་གཙོ་མོ་ནི།།རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད།།ཀུན་ཏུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།།བདག་གི་ནད་དང་དགྲ་རྣམས་དྲག་པོས་སོད།།
176a2 ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ།།འདི་ལྟར་འཛིནི་ཉིད་ཅིར་ཡང་སྣང་བ་ནི།།ཕྲིན་ལས་རྣམ་བཞིས་འགོ་དོན་མཛད་པ་ལགས།།བདག་ཀྱང་ལས་བཞི་རང་བཞིན་ལྷུན་གྲུབ་ནས།
176a3 ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག།དེ་ནས་དཔལ་ལྷ་མོ་ནག་མོ་ལ་ཀླུའི་རྒྱལ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ།གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ།
176a4 ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི།།དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར།།རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ།།ཁམས་གསུམ་གདུལ་ཕྱིར་གདན་དུ་བོང་བུ་ཞོན
176a5 མྱ་ངན་མི་མདའི་རྟག་སུ་ལྕགས་སྒྲོག་མང་།།བདག་དེ་ནི་ལྷུན་གྲུབ་གླང་ཆེན་ཀཽ་བས་རྒྱན།།གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་བཀྲིས།།བྱང་ཆུབ་སེམས་ལྡན་སྤྱི་གཙུག།
176a6 རྣོ་རྒྱས་གསལ།།ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་རྒྱན།།དུག་གསུམ་སྡོང་པོ་གཙད་པའི་རལ་གྲི་དང་།།བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལ་བསྣམས།།དབང
176a7 དྲག་རྫོགས་ཕྱིར་རལ་བ་ཁམ་ནག་སྤུག།ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་མཆེ་བ་གཙིགས།།འཁོར་བ་ལྗགས་ལ་གཏར་ཕྱིར་དཀན་སྒྲ་འདེབས།།གདུགས་པཞེ་ལ་གནོན་ཕྱིར་སྡང་།།
iiif viewer powered by OpenSeadragon
175b - 176b